ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིན་ནས་ཚོགས་པ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚང་འཛོམས་གྲོས་ཚོགས་ལ་འགོ་འཛིན་བྱས།

3.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིན་ནས་ཚོགས། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་སྒྲོག་ཁ་ཚང་བཤད་རྒྱུ།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་སྒྲོག་ལ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིན་ནས་ཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན་ཉིས་བརྒྱ་དང་གཉིས་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་དོན་གཅིག་ཞུགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཟུར་ཞུགས་བྱས། ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འགོ་འཛིན་བྱས་པ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངག་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་བསྡུར་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་ཕྱི་ནང་གི་བསམ་འཆར་བསྡུ་ལེན་དང་ཡང་དང་བསྐྱར་དུ་གྲོས་མོལ་བྱས་པའི་རྨང་གཞིའི་སྟེང་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་མཚམས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་གདམ་མིའི་གྲོས་གཞིའི་མིང་ཐོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་མཚམས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་གདམ་མིའི་གྲོས་གཞིའི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་གྲོས་གཞིའི་མིང་ཐོ་དེ་གཉིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་མཚམས་སྦྱོར་བྱེད་རྒྱུ་ཐག་བཅད། ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གུང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་ཆོད་དོན་དང་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཇུས་གཞིའི་ནང་དོན་ཁ་ཤས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་གོ་རིམ་ལྟར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་གང་ལེགས་བྱས། གཅིག་གྱུར་སྒོས་བལྟས་ན། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་པོའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་པར་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱས་པ། སྤོབས་པ་ཆེན་པོས་གསར་སྐྲུན་དང་ནན་ཏན་སྒོས་བྱ་བ་སྣ་ཚོགས་སྒྲུབ་པ་དང་། གཅིག་གྱུར་སྒོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱས་པ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སེམས་ཤུགས་གཅིག་སྡུད་བྱེད་དགོས་ལ། ནན་ཏན་སྒོས་བྱ་བ་སྣ་ཚོགས་སྒྲུབ་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཉེན་ཁ་ཚབས་ཆེན་འགོག་སྲུང་དང་ཞི་འཇགས་སུ་གཏོང་བ་དང་གནད་ཕིགས་དབུལ་ཐར་དང་བཙོག་བཟོ་འགོག་བཅོས་བྱེད་པའི་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་གོམ་པ་སྔར་ལས་ཆེན་པོ་སྤོ་ཞིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་པར་སྙམ།

ཚང་འཛོམས་གྲོས་ཚོགས་ནས་བལྟས་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་བཟང་བོ་ཞིག་བསྒྲུབ་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྐུལ་སློང་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་སྙམ།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྒྱུར་བཅོས་ཆེན་པོ་ཞིག་ཡིན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ང་ཚོ་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ང་ཚོ་ཏང་གི་འགོ་ཁྲིད་འོག རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་ལ་ཕབ་པ་དང་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རིམ་བཞིན་བཙུགས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་གོ་རིམ་ཁྲོད་དུ་ང་ཚོ་ཏང་གིས་ཧུར་ཐག་སྒོས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ལག་བསྟར་བྱས་ཏེ་ཕྱོགས་སོ་སོའི་ལས་ཁུངས་ཀྱི་འགན་ནུས་སྔར་ལས་ལེགས་སྒྱུར་དང་རིམ་བཞིན་ཚད་ལྡན་དུ་བཏང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་པ་དང་ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ཞིང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ཁྱབ་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱས་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྱབ་ཁོངས་གཙོ་བོ་ཁ་ཤས་སུ་གྲུབ་འབྲས་མངོན་གསལ་བླངས་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས་ཟེར།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། དུས་རབས་གསར་བ་དང་ལས་འགན་གསར་བའི་ཐད་བཏོན་པའི་རེ་བ་གསར་བར་དམིགས་ཏེ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་དེ་གཅིག་གྱུར་སྒོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་རེ་བ་དང་དེ་འདྲ་མཐུན་ཐབས་ཡོང་མེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་རེ་བ་དང་དེ་འདྲ་མཐུན་ཐབས་ཡོང་མེད། ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གོ་སྐབས་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གོ་རིམ་ཁྲོད་དུ་ཆོད་སེམས་བརྟན་པོ་བཅངས་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ཁྲོད་དུ་གནས་པའི་བར་ཆད་སྣ་ཚོགས་ཐག་གཅོད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་དགོས་པར་མ་ཟད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ལུགས་བཅོས་སྒྱུར་གཏིང་ཟབ་དུ་གཏོང་བའི་མཛུབ་སྟོན་བསམ་བློ་ནི། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་བསམ་བློ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་བླང་བྱ་དང་འཕྲོད་པར་བྱེད་དགོས་ཤིང་། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་ལེན་བྱེད་པའི་བྱ་བའི་གདངས་དབྱངས་གཙོ་བོ་དང་བཅོས་སྒྱུར་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ལྟེ་བ་ཡིན་པའི་བསམ་ཕྱོགས་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ཀྱི་སྤྱི་འདོམས་ལ་ཤུགས་བསྣན་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་བསྒྱུར་བ་གླེང་ཕྱོགས་གཙོ་བོར་འཛིན་དགོས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྱུར་བྱེད་པ་དང་མཐུན་སྦྱོར་ཕན་འབྲས་མཐོན་པོ་ཐོབ་རྒྱུ་ཤུགས་འདོན་སར་བརྩིས་ཏེ། ལས་ཁུངས་ཀྱི་སྒྲིག་གཞི་བཅོས་སྒྱུར་དང་འགན་ནུས་སྒྲིག་གཞི་ལེགས་སྒྱུར། འགན་ནུས་ཚུལ་བཞིན་སྒྱུར་བ་གཏིང་ཟབ་དུ་གཏོང་བ། བྱེད་ཐབས་དང་བྱེད་ཕྱོགས་སྒྱུར་བ། ཕན་འབྲས་དང་ཕན་ནུས་ཇེ་མཐོར་གཏོང་བ་བཅས་ལ་འབད་དེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་བ་ལེན་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བགྲོད་ལམ་གསར་བ་བཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་ཀྲུང་གོའི་ཕུགས་འདུན་བཅས་ལ་ལམ་ལུགས་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བར་ཅིས་ཀྱང་ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་མི་དམངས་ལྟེ་བ་ཡིན་པའི་བསམ་ཕྱོགས། མཐུན་སྦྱོར་ཕན་འབྲས་ཅན་གྱི་བྱེད་ཕྱོགས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆོས་ཉིད་བཅས་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་དམིགས་འབེན་ནི། མ་ལག་ཆ་ཚང་བ་དང་ཚན་རིག་དང་མཐུན་པ། འཁོར་སྐྱོད་ཕན་འབྲས་མཐོ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་འགན་ནུས་མ་ལག་བཙུགས་ཏེ། ལས་དོན་ཧྲིལ་བོར་གཅིག་འདོན་བྱེད་པ་དང་ཕྱོགས་སོ་སོའི་ཏང་གི་མཐུན་སྦྱོར་འགོ་ཁྲིད་མ་ལག་གྲུབ་པར་བྱས་ནས། འགན་ནུས་གསལ་བོ་དང་ཁྲིམས་ལྟར་སྲིད་འཛིན་གཉེར་བའི་སྲིད་གཞུང་བཅོས་སྐྱོང་མ་ལག་གྲུབ་པར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་ལ་འཛམ་གླིང་གི་ཆེས་སྔོན་ཐོན་ཡིན་པའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་ཏེ། མང་ཚོགས་དང་ཁྱབ་ཆེ་སར་འབྲེལ་འདྲིས་བྱས་ཏེ་མང་ཚོགས་ཚོགས་པའི་མ་ལག་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། མི་དམངས་ཚོགས་པ། ཁེ་ལས་དང་མི་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས་སོགས་ཀྱིས་ཏང་གི་འགོ་ཁྲིད་འོག་ཏུ་མཐུན་སྦྱོར་མཉམ་འབྲེལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་མཐར། ཁྱོན་ཡོངས་ནས་རྒྱལ་ཁབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས། བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་རྒྱུ་རྐང་འཛུགས་སར་བརྩིས་ཏེ། འགལ་བ་འབུར་ཐོན་ཅན་ལ་ཁ་གཏད་གཞལ་དགོས་པ་དང་། གནད་ས་དམ་པོར་འཛིན་པ་དང་ཞན་ཆ་དུས་ལྟར་གསབ་པ། ལས་དོན་དྲག་ཞན་གཉིས་མཉམ་དུ་འཛིན་པ། ཉེན་ཁ་འགོག་པ་བཅས་ལ་འབད་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་འགན་ནུས་སྟེང་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་འགན་སྲུང་འདོན་སྤྲོད་བྱེད་དགོས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་རྒྱུར་དམིགས་ནས། སྒྲིག་ལུགས་གནད་དོན་ཐག་གཅོད་ཡག་པོ་བྱེ་དདགོས་པ་དང་། རྨང་གཞི་བསྐྲུན་པ་དང་འཆར་འགོད་བཟོས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བསྐྲུན་པར་མཐུན་རྐྱེན་བསྒྲུབ་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ལུགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་འོས་འགན་གཙོ་བོ་ནི། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་དང་། ཏང་གི་ཁྱབ་ཁོངས་སོ་སོའི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ། ཏང་གི་འགོ་ཁྲིད་ཀྱི་ཁེབས་རྒྱ་དང་ཏང་གི་འགོ་ཁྲིད་ཀྱི་ནུས་ལྡན་བརྟན་བརླིང་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། སྲིད་གཞུང་འགན་ནུས་ཚུལ་སྒྱུར་དང་སྲིད་གཞུང་ལས་ཁུངས་ཀྱི་སྒྲིག་གཞི་ལེགས་སྒྱུར། འགན་ནུས་སྒྲིག་གཞི་ལེགས་སྒྱུར་བཅས་བྱེད་རྒྱུ་ནི། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བའི་འོས་འགན་གཙོ་བོ་ཡིན། ཁྲོམ་རའི་ཐོན་ཁུངས་སྒྲིག་གཞིའི་ཐག་གཅོད་རང་བཞིན་གྱི་བྱེད་ནུས་ལ་གནོད་པའི་འགལ་རྐྱེན་ཅི་རིགས་སེལ་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་འགན་ནུས་ཀྱི་ཞན་ཆ་སེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ནས། སྲིད་གཞུང་ལས་ཁུངས་ཀྱི་འགན་ནུས་སྙོམ་སྒྲིག་བྱེད་པ་དང་། ལུགས་མཐུན་སྒོས་སྤྱི་ཁོག་སྙོམ་སྒྲིག་དོ་དམ་སྡེ་ཁག་གི་འགན་ནུས་བཀོད་སྒྲིག་བྱེད་དགོས། སྲིད་བསྡུ་དབང་གཏོང་གཏིང་ཟབ་དུ་སྤེལ་དགོས་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་དོ་དམ་མ་ལག་ལ་བཅོས་སྒྱུར་བྱེད་དགོས། སྤྱི་བའི་ཞབས་ཞུའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། ལས་དོན་གྱི་མགོ་མཇུག་བར་གསུམ་ལ་ལྟ་སྐུལ་དོ་དམ་གང་ལེགས་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། སྲིད་འཛིན་ཕན་འབྲས་ཇེ་མཐོར་གཏོང་དགོས། ཁྱོན་ཡོངས་ནས་སྲིད་གཞུང་ཕན་འབྲས་ཇེ་མཐོར་བཏང་མཐར། མི་དམངས་ཀྱི་འདོད་བློ་དང་འཚམ་པའི་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་ཞིག་བསྐྲུན་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་སྲིད་དམག་མང་ཚོགས་བཅས་ཀྱི་ལས་ཁུངས་བཅོས་སྒྱུར་ལ་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་ནི། ཏང་གི་ཐུན་མོང་གཅིག་བསྡུས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་ཁུངས་འགན་ནུས་ལེགས་པའི་ཕྱོགས་སུ་འཕེལ་བའི་དགོས་ངེས་ཀྱི་བླང་བྱ་ཡིན། འབྲེལ་ཡོད་ལས་ཁུངས་ཀྱི་སྒྲིག་གཞི་དང་འགན་ནུས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཏང་གི་སྡེ་ཁག་དང་རྒྱལ་ཁབ་ཀྱི་ལས་ཁུངས། མང་ཚོགས་ཚོགས་པའི་རྩ་འཛུགས། མི་དོན་ལས་ཁུངས་ཀྱི་འགན་ནུས་བཅས་ལེགས་སྒྱུར་དང་དེར་རུང་བསྟུན་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱི་བཀོད་འགྲེམ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་དང་སྲིད་གྲོས། ཁྲིམས་འཛིན་བཅས་ཀྱི་ལས་ཁུངས་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། མི་དོན་ལས་ཁུངས། དམག་ཁོངས་ལས་བརྒལ་བ་བཅས་ཀྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་དགོས། ཏང་གི་འགོ་ཁྲིད་ནུས་པ་དང་སྲིད་གཞུང་གི་ལག་བསྟར་ནུས་པར་སྐུལ་འདེད་བཏང་ནས། མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་རྒྱས་པར་སྐུལ་མ་གཏོང་དགོས་པར་མ་ཟད། མི་དམངས་དམག་དཔུང་གི་འཐབ་འཛིང་ནུས་པ་ཇེ་མཐོར་བཏང་མཐར། སྡེ་ཁག་ཚང་མ་མཐུན་སྦྱོར་མཉམ་གནས་དང་གཞོགས་འདེགས་རྒྱབ་སྐྱོར་ངང་འཕེལ་བར་བྱེད་དགོས་ཟེར།

གྲོས་ཚོགས་ལས་གླེང་དོན། རང་ཅག་ལྟ་བའི་རྒྱལ་ཁབ་ཆེན་པོ་འདི་ལྟ་བུ་ཞིག་བཅོས་སྐྱོང་ལེགས་པོ་བྱེད་པར་ཅིས་ཀྱང་། ཀྲུང་དབྱང་དང་ས་གནས་ཀྱི་འགན་ནུས་འབྲེལ་བ་མཐུན་འགྲིག་ཡོང་བར་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་དང་ས་གནས་ཀྱི་བརྩོན་སེམས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། ས་གནས་ལས་ཁུངས་ཀྱི་སྒྲིག་འཛུགས་དང་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་ཡོང་བར་གཅིག་གྱུར་བཀོད་འདོམས་བྱེད་དགོས་ཤིང་། ཀྲུང་དབྱང་ནས་ས་གནས་བར་གྱི་འཁོར་རྒྱུག་བྱ་བ་བདེ་ལེགས་ཅན་དང་གསོན་ཤུགས་ཅན་དུ་བསྒྱུར་ནས། ཀྲུང་དབྱང་གི་ལས་དོན་སྤྱིའི་དོ་དམ་ལ་སྤྱི་ཁོག་སྙོམ་སྒྲིག་བྱེད་ཤུགས་ཇེ་དྲག་གཏོང་དགོས། ས་གནས་ཀྱིས་ཏང་ཀྲུང་དབྱང་གི་གང་གསུང་དེ་སྒྲུབ་གྱི་སྔོན་འགྲོའི་འོག་ཏུ་ས་གནས་ཀྱི་ལས་དོན་ལ་དོ་དམ་བཟང་བོ་བྱས་ཏེ། ཞིང་ཆེན་རིམ་པ་དང་དེའི་འོག་གི་ལས་ཁུངས་ལ་སྔར་ལས་རང་བདག་དབང་ཆ་སྟེར་བ་དང་། ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ། རིམ་པ་སོ་སོའི་ལས་ཁུངས་དང་དེ་དག་གི་འགན་ནུས་ལ་བཀོད་སྒྲིག་གང་ལེགས་བྱས་ཏེ། ས་གནས་བཅོས་སྐྱོང་གི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ་དང་། གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྟབས་བདེ་ཡིན་ལ་ཕན་འབྲས་མཐོ་བའི་དོ་དམ་མ་ལག་འཛུགས་སྐྲུན་བྱེད་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ལས་ཁུངས་དང་སྒྲིག་གཞི་ཁྲིམས་འགོད་ཅན་དུ་བསྒྱུར་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་འགན་སྲུང་གལ་ཆེན་ཡིན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་རྩ་འཛུགས་ལས་ཁུངས་སྣ་ཚོགས་ལ་དོ་དམ་བྱེད་དགོས། ལས་ཁུངས་དང་འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས་ཁྲིམས་འགོད་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་དགོས། སྲིད་གཞུང་ལས་ཁུངས་ཀྱི་འགན་དབང་གསལ་ཁྲ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱེད་པའི་བྱ་སྤྱོད་ཚད་ལྡན་དང་ཚོད་འཛིན་བྱེད་དགོས་པར་མ་ཟད། དབང་ཆ་མངོན་གསལ་སྒོས་བཀོལ་སྤྱོད་བྱེད་པ་དང་། ལས་ཁུངས་དང་སྒྲིག་གཞིའི་དོ་དམ་དང་ཚོད་འཛིན་བྱ་བར་ཤུགས་སྣོན་དགོས་ལ། ལས་ཁུངས་དང་སྒྲིག་གཞིའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། 
 

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ནི་རྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཁྱོན་ཡོངས་བཞིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་བརྟན་པོར་བཅངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་འབྲེལ་བར་ངོས་འཛིན་བཟང་བོ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་ལྟར་བཅོས་སྒྱུར་ལ་འགན་སྲུང་བྱེད་པ། བཅོས་སྒྱུར་གྱི་བརྒྱུད་རིམ་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་ཆེར་བཏང་སྟེ། ཏང་སྲིད་དང་དམག་དཔུང་། མང་ཚོགས་བཅས་ཕྱོགས་སོ་སོའི་ལས་ཁུངས་བཅོས་སྒྱུར་བྱེད་པའི་གཞོགས་འདེགས་ནུས་པ་ཇེ་ཆེར་བཏང་སྟེ། བཅོས་སྒྱུར་སྣ་ཚོགས་ཀྱིས་ཕན་ཚུན་ལ་སྐུལ་འདེད་དང་ཕན་ཚུན་ལ་གཞོགས་འདེགས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར། འབད་བརྩོན་ཆེན་པོས་བཅོས་སྒྱུར་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ལ། རྒྱུད་རིམ་ཆ་ཚང་བ་དང་ཚད་རིག་ཚད་ལྡན། འཁོར་རྒྱུག་ཕན་མཐོ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།