ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་དབྱང་གཞུང་སྒྲུབ་ཐིན་སོགས་ལས་ཁུངས་གསུམ་གྱིས་དམག་དམངས་མཉམ་འདྲིས་འཕེལ་རྒྱས་ཀྱི་སྲོལ་ཡིག་དང་ཡིག་ཆ་གཙང་དག་བྱ་བ་སྒྲུབ་པའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་བཅས་ཀྱིས་དམག་དམངས་མཉམ་འདྲིས་འཕེལ་རྒྱས་སྲོལ་ཡིག་དང་ཡིག་ཆ་གཙང་དག་བྱ་བ་སྒྲུབ་པའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ་སྟེ། དམག་དམངས་མཉམ་འདྲིས་འཕེལ་རྒྱས་ཀྱི་སྲོལ་ཡིག་དང་ཡིག་ཆ་གཙང་དག་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། 

བརྡ་ཐོ་ལས་བཀོད་དོན། སྲོལ་ཡིག་དང་ཡིག་ཆ་གཙང་དག་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམག་དམངས་མཉམ་འདྲིས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དམངས་མཉམ་འདྲིས་འཕེལ་རྒྱས་ཀྱི་ལམ་ལུགས་དང་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་དོན་དངོས་ཀྱི་བྱེད་ཐབས་ཡིན། སྲོལ་ཡིག་དང་ཡིག་ཆ་གཙང་དག་བྱེད་པའི་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་དེང་སྐབས་ཀྱི་དམག་དམངས་མཉམ་འདྲིས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་གཙོ་བོ་དང་གནད་དོན་དངོས་ཐག་གཅོད་བྱེད་པར་ཕན་པ་ཡོད་ལ། སྲོལ་ཡིག་དང་ལམ་ལུགས་ཀྱི་མཐུན་སྦྱོར་རང་བཞིན་དང་ཕན་འབྲས་རང་བཞིན། དམིགས་སའི་རང་བཞིན་བཅས་ཇེ་ཆེར་གཏོང་བར་ཡང་ཕན་པ་ཡོད་པར་མ་ཟད། ཁྲིམས་སྲོལ་དང་ལམ་ལུགས་ཀྱི་ཚད་ལྡན་དང་ཁྲིད་སྟོན། འགན་སྲུང་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་ཐུབ།

བརྡ་ཐོ་ལས་གཙང་དག་བྱེད་དགོས་པའི་ཡིག་ཆའི་ཁྱབ་ཁོངས་དང་ཕྱོགས་བཞིའི་ཐད་ཀྱི་གཙང་དག་ཚད་གཞིའི་དོན་ཚན་བཅུ་བཞི་གཏན་འཁེལ་བྱས།

བརྡ་ཐོ་ལས་གཙང་དག་བྱ་བའི་འགན་འཁུར་བའི་ལས་ཁུངས་ཀྱིས་གཙང་དག་བྱེད་པའི་ཁྱབ་ཁོངས་ལྟར། སྲོལ་ཡིག་དང་ཡིག་ཆ་རེ་རེར་ཞིབ་འཇུག་གཏན་འཁེལ་བྱས་ནས། གཙང་དག་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀྲུང་དབྱང་དམག་དམངས་མཉམ་འདྲིས་གཞུང་སྒྲུབ་ཁང་གིས་དུས་བབ་དང་བསྟུན་ནས་གཙང་དག་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།