ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ལང་གི་འགྲུལ་སྐྱེལ་གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་ཐད་ནས་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་དབྱི་ལང་གི་འགྲུལ་སྐྱེལ་གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་ཐད་ནས་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཁྱེད་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཐང་ལ་ལྷུང་ནས། འགྲུལ་བ་དང་གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་ཡོངས་རྫོགས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་གོ་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་མ་ཟད། ང་རང་ཉིད་ཀྱི་མིང་སྟེང་ནས་འདས་པོ་རྣམས་ལ་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།