ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་པ་རྣམས་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་གྱི་སྔོན་དག་དག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཅང་ཙེ་མེན་དང་ཧུའུ་ཅིན་ཐའོ། ལིས་ཕུན། ཀྲུའུ་རོང་ཅི། ལིས་རོས་ཧོན། བུའུ་པང་གོ། བུན་ཅན་པའོ། ཅ་ཆིན་ལིན། སུང་ཕིང་། ལིས་ལན་ཆིན། ཙིན་ཆིན་ཧུང་། བུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ལའོ་ཀན། ཧི་གོ་ཆང་། ལིག་ཡུང་ཧྲན། ཐེན་ཅི་ཡུང་། ཁྲི་ཧོ་ཐེན། ཝང་ཀྲའོ་གོ། ཧོས་ལིང་ཡུས། ལིག་ཆི། བུའུ་དབྱི། ཝང་ཀང་། མིན་ཅན་ཀྲུའུ། ཐིའེ་མུའུ་ཨར་ཏ་བ་མེད་ཐི། ཕུན་ཕེས་ཡུང་། ཀྲིན་ཀོང་ཀྲའོ། ཟི་མ་དབྱི་ཨེ་མེད་ཐི། ཀུའུ་ཞིག་ལེན། རགས་བསྡུས། རིན་ཅན་ཞིན། སུང་ཅན། ཧུའུ་ཆི་ལིས། ཏིན་ཕུའུ་ཧྥང་། སུང་ཅ་ཀྲིན། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན་སོགས་བློ་མཐུན་རྒན་པར་སོ་སོར་འཚམས་འདྲི་བྱས་པ་དང་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་མངགས་ཏེ་འཚམས་འདྲི་བྱས་ཏེ། བློ་མཐུན་རྒན་པ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། བློ་མཐུན་རྒན་པ་རྣམས་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་དང་སྐུ་ཁམས་བདེ་ཞིང་ཚེ་ཐག་རིང་བའི་སྨོན་འདུན་ཞུས།

བློ་མཐུན་རྒན་པ་རྣམས་ཀྱིས་དེར་བཀའ་དྲིན་ཞུས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཁྲིད་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་གསར་གཏོད་བྱེད་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གྲུབ་འབྲས་བླངས་པར་གདེང་འཇོག་ཚད་མཐོན་པོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པར་སྙིང་ཐག་པ་ནས་གོང་བཀུར་ཞུས་པའི་ཚུལ་བསྟན།

བློ་མཐུན་རྒན་པ་རྣམས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པོ་མཛུབ་སྟོན་དུ་འཛིན་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བཅས་བྱས་ནས། ཡར་རྒྱས་བརྩོན་ལེན་དང་། དཀའ་སྤྱད་འབད་འཐབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།