ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

96e528992694c62e26d8e4a69b81b847.jpg

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་གསུངས་རྒྱུར། ཁྱབ་ཆེ་བའི་མཉམ་ལས་ཀྱི་ཐུན་མོང་ལྟ་བ་གཅིག་སྡུད་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྒྱལ་སྤྱིའི་འགུག་ཤུགས་ཇེ་ཆེར་གཏོང་དགོས་ལ། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། དངུལ་ལོར་ཐོན་རྫས་གསར་གཏོད་བྱེད་པ་དང་། དངུལ་ལོར་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། མི་གཞུང་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། སྤྱི་ཚོགས་འགན་འཁྲི་ཧུར་ཐག་སྒོས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ཉེན་ཁ་ཚོད་དཔོག་དང་བབ་བསྟུན་ཐག་གཅོད་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་སྟེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བདེ་འཇགས་འགན་སྲུང་བྱ་བར་ཤུགས་སྣོན་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཁྱོན་ཡོངས་བཞིའི་འདུ་ཤེས་དམ་པོར་བཅངས་པ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ། གཅིག་གྱུར་མཐུན་སྦྱོར་གཞོགས་འདེགས་བྱ་བ་དམ་འཛིན་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱ་བར་གཙིགས་འཛིན་བྱེད་པ། དྲིལ་སྒྲོག་ཁྲིད་སྟོན་བྱ་བར་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་སྔར་ལས་བཟང་བོར་བསྒྲུབ་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས་ཟེར།

ལིག་ཧི་དང་དབྱང་ཅེ་ཁྲི། དབྱང་ཅིན་བཅས་གྲོས་ཚོགས་སུ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།