ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་ཐད་ཀྱི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བརྡ་ཐོ་བཏང་སྟེ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་དོན་སྦྱོང་བརྡར་ཐད་ཀྱི་སྔོན་ཐོན་ལས་ཁུངས་དགུ་དང་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར་ཉི་ཤུ་ལ་གཟེངས་བསྟོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

བརྡ་ཐོའི་ནང་བཀོད་དོན། 2017ལོར་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཞི་ཅིན་ཕིང་གི་དམག་སྐྱེད་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། ཏང་གི་དུས་རབས་གསར་བའི་དམག་སྐྱེད་དམིགས་འབེན་ལ་དམིགས་པ་དང་། དམག་འཁྲུག་རྒྱག་ཐུབ་པ་དང་དམག་འཁྲུག་ལས་རྒྱལ་ཐུབ་པར་དམ་པོར་དམིགས་ཏེ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་འབད་བརྩོན་ལྷོད་མེད་སྒོས་སྐུལ་འདེད་བཏང་ནས། དམག་དཔུང་གི་འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་བར་ནུས་ཡོད་སྒོས་སྐུལ་འདེད་བཏང་བར་མ་ཟད། སྔོན་ཐོན་དཔེ་འོས་མང་པོ་བྱུང་ཡོད་ཟེར།

བརྡ་ཐོ་ལས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཞི་ཅིན་ཕིང་གི་དམག་སྐྱེད་དགོངས་པར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། དམག་འཁྲུག་རྒྱག་པར་གྲ་སྒྲིག་བྱེད་པའི་ཁ་ཕྱོགས་གསལ་བོ་རྒྱུན་འཁྱོངས་བྱེད་པ་དང་། གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་མིག་དཔེ་བྱས་ནས། སྟོབས་ཤུགས་ཡོད་རྒུས་དམག་མི་སྦྱོང་བརྡར་དང་དམག་འཁྲུག་ལ་གྲ་སྒྲིག་བྱེད་པར་ཤུགས་སྣོན་པ་དང་། མང་ཚོགས་རང་བཞིན་གྱི་དམག་སྦྱོང་དང་དྲག་རྩལ་འགྲན་པའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་པ། དངོས་འཐབ་དངོས་སྦྱོང་བྱེད་པའི་མཐོ་རླབས་འཕྱུར་བར་བྱས་ནས། དངོས་འཐབ་ཅན་གྱི་སྦྱོང་བརྡར་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང་། རང་རེའི་དམག་དཔུང་གི་དུས་རབས་གསར་བའི་ལས་འགན་ལག་བསྟར་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།