ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས2018ལོར་དགེ་རྒན4000བོད་དང་ཤིན་ཅང་དུ་མངག་གཏོང་བྱ་རྒྱུ་རེད།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2017-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས25ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་དང་ཤིང་ཅང་གི་སྤྱི་ཡོངས་ཀྱི་སློབ་གསོ་གོང་འཕེལ་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱ་ཆེད།  སློབ་གསོ་པུས་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ།  མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་དང་མཉམ་འབྲེལ་ཐོག  བོད་ལྗོངས་དང་ཤིན་ཅང་གི་སློབ་གསོར་རྒྱབ་སྐྱོར་བྱེད་མཁན་དགེ་རྒན་ཁྲི་ཁ་ལོན་པ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱེད་པའི་ཇུས་གཞི་པར་འགྲེམས་བྱས་པ་དང་།  ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་འོག་ལོ་ལྟར་ནང་སའི་སློབ་གྲྭ་ནས་ཕུལ་བྱུང་གི་དགེ་རྒན་ཁག་ཅིག་འདེམས་གཏོང་བྱས་ནས་བོད་ལྗོངས་དང་ཤིན་ཅང་གི་སློབ་གསོར་རྒྱབ་སྐྱོར་བྱེད་རྒྱུ་རེད།

སློབ་གསོའི་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ2018ལོར་བོད་ལྗོངས་དང་ཤིན་ཅང་།  ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ལ་སློབ་གསོའི་རྒྱབ་སྐྱོར་དགེ་རྒན4000མངག་གཏོང་བྱེད་རྒྱུ་དང་།  སློབ་གསོའི་རྒྱབ་སྐྱོར་གྱི་དུས་ཚོད་ནི་ལོ་གཅིག་དང་ཟླ་བ་ལྔ་ཡིན་ཞིང་།  སྤྱི་ལོ2018ལོའི་དཔྱིད་དུས་སློབ་འགོ་མ་ཚུགས་གོང་བོད་ལྗོངས་དང་ཤིན་ཅང་ལ་ཁག་དང་པོའི་སློབ་གསོར་རྒྱབ་སྐྱོར་བྱེད་མཁན་དགེ་རྒན་མངག་གཏོང་ཟིན་པ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།