ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་སྟེ་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པར་སློབ་སྦྱོང་ནན་མོ་བྱེད་པར་རྩ་འཛུགས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པར་སློབ་སྦྱོང་ནན་མོ་བྱེད་པར་རྩ་འཛུགས་བཟང་བོ་བྱེད་དགོས་པའི་བརྡ་ཐོ་དཔར་ནས་བཀྲམ་སྟེ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་ཚ་རླབས་ཤིག་སློང་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བཀོད་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་དམག་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོས་ཆེས་མཐོའི་ཆབ་སྲིད་རང་རྟོགས་དང་མདུན་གྲས་སུ་སྐྱོད་པ་ཚད་གཞིར་བཟུང་སྟེ། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་པ་ཞེས་པའི་དེབ་གཉིས་པ་དང་དེའི་སྔོན་ལ་པར་སྐྲུན་བྱས་པའི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་དང་པོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་ཀློག་དེབ་གལ་ཆེན་ཞིག་ཏུ་བརྩིས་ནས། དཔོན་དམག་རྩ་འཛུགས་བྱས་ནས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་གོ་བ་ལེན་པར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་སྟེང་གཅིག་གྱུར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།