ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཚེས་ཉེར་བཞི་ཉིན་བསྡུས་པའི་སྨྱན་བྱད་ལས་ཁུངས་ཀྱི་གནས་ཚུལ་ངོ་སྤྲོད་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་པ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་གྲོས་ཚོགས་དེ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་བར་པེ་ཅིན་ནས་བསྡུ་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གྲོས་མོལ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་འགན་ཁུར་བས་བཤད་པ་ལྟར་ན། ཐེངས་འདིའི་མཐོ་རིམ་གྲོས་མོལ་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ནས། མཉམ་དུ་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་ཞེས་པའི་སྲིད་ཏང་གི་འགན་འཁྲི་ཞེས་པ་དེ་ཡིན། མིག་སྔའི་བར་དུ། རྒྱལ་ཁབ་བརྒྱ་དང་ཉི་ཤུ་ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཉིས་བརྒྱ་ལྷག་གི་མགོ་ཁྲིད་པས་གྲོས་ཚོགས་སྟེང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།