ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་གསུམ་པར་ཞུགས་རྒྱུ་མ་ཟད་བྷང་ག་ལ་དང་འབར་མ་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀུན་ཧྲོང་གིས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཁྱབ་སྒྲོག་བྱས་པ་ལྟར་ན། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་འབར་མའི་ནེ་པིས་ཏུའུ་ནས་བསྡུ་རྒྱུ་རེད། འབར་མའི་རྒྱལ་སྲིད་བློན་ཆེན་ཞོར་དུ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་ཨང་ཧྲན་སུའུ་ཅི་ཡིས་གདན་དྲངས་པ་ལྟར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཚོགས་པ་ཁྲིད་དེ་གྲོས་ཚོགས་སུ་ཞུགས་རྒྱུ་རེད།

ཀུན་ཧྲོང་གིས་བཤད་རྒྱུར། ཝང་དབྱི་གྲོས་ཚོགས་ཀྱི་དུས་རིམ་སོ་སོའི་གྲོས་བསྡུར་ལ་ཞུགས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་དང་། ཨེ་ཤ་ཡ་དང་ཡོ་རོབ་གླིང་གཉིས་ཀྱི་མཉམ་འབྲེལ་མཉམ་མཐུད་མཉམ་ལས་དང་འབྲེལ་ཡོད་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ལྟ་ཚུལ་དང་འདོད་བློ་རྒྱས་བཤད་བྱེད་རྒྱུ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཕྱོགས་གཉིས་བར་གྱི་གྲོས་མོལ་སྤེལ་ཏེ། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་ཕྱོགས་སོ་སོས་རྒྱུན་འཁྱོངས་བྱེད་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་བར་རྣམ་པ་གསར་བའི་གྲོགས་པོའི་འབྲེལ་བ་འཛུགས་པའི་དམིགས་འབེན་ལ་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་བ། ཨེ་ཤ་ཡ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་བ་སྣོན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།