ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་«རྒྱལ་དབང་མ་རྩ་ཁ་ཤས་བཏང་སྟེ་སྤྱི་ཚོགས་འགན་སྲུང་ཐེབས་རྩ་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་དབང་མ་རྩ་ཁ་ཤས་བཏང་སྟེ་སྤྱི་ཚོགས་འགན་སྲུང་ཐེབས་རྩ་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི»དཔར་ནས་བཀྲམ།  

ཇུས་གཞིའི་ནང་དོན་གཙོ་བོ་འདི་ལྟར། གཅིག་རྒྱལ་དབང་མ་རྩ་ཁ་ཤས་གཏོང་བའི་ཁྱབ་ཁོངས་དང་བསྡུར་ཚད། དང་ལེན་གྱི་ཕྱོགས་གཙོ་བོ། ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་དབང་དང་རྒྱལ་དབང་མ་རྐང་ཚོད་འཛིན་ཁེ་ལས་ཆེ་འབྲིང་དང་དངུལ་ལོར་ལས་ཁུངས་བཅས་དེའི་ཁོངས་སུ་གཏོགས། སྤྱི་ཕན་རིགས་ཀྱི་ཁེ་ལས་དང་རིག་གནས་ཁེ་ལས། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་ལོར་ལས་ཁུངས་དང་གཞན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་ལས་ཁུངས་དེའི་ཁོངས་སུ་གཏོགས་མི་སྲིད། གཉིས་རྒྱལ་དབང་མ་རྩ་ཁ་ཤས་གཏོང་བའི་གོ་རིམ། ཚོད་ལྟའི་ལག་བསྟར་དང་རིམ་པ་བཀར་ནས་རྩ་འཛུགས། བརྟན་འཇགས་སྒོས་སྤེལ་བ་བཅས་ཀྱི་རྩ་དོན་ལྟར་རྒྱལ་དབང་མ་རྩ་ཁ་ཤས་གཏོང་རྒྱུ་རེད། 2017ལོར་ཀྲུང་དབྱང་གི་ཁེ་ལས་ཁ་ཤས་འདེམས་པ་དང་ཞིང་ཆེན་ཁ་ཤས་སུ་ཚོད་ལྟ་བྱེད་རྒྱུ་ཡིན་ལ། 2018ལོའི་རྗེས་སུ་ཁག་བགོས་ནས་བྱ་བ་འདི་ལག་བསྟར་བྱེད་རྒྱུ་རེད། གསུམ་རྒྱལ་དབང་མ་རྩ་ཁ་ཤས་གཏོང་བའི་ཆ་ཚང་བྱེད་ཐབས་བཅས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།