ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་པུའུ་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

074d16b89a6a9361c6a9e161338dd7ab.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་པུའུ་ལ་གཟིགས་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་བདུན་ཉིན་ཁོར་ཡུག་སྲུང་སྐྱོབ་པུའུ་ལ་གཟིགས་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་སོགས་ཁོར་ཡུག་སྲུང་སྐྱོབ་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཅངས་ཏེ། ལྗང་མདོག་འཕེལ་རྒྱས་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཆགས་པར་བྱས་ནས། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་སྒྱུར། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང། མི་དམངས་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་བོ་སྐྲུན་ཏེ། འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཐད་ལ་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་གསུངས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་ནས། ངེས་པར་དུ་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཆགས་པར་བྱེད་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་བསྟན་དོན། ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ། འགྲིམ་འགྲུལ་གྲུབ་ཚུལ་བཅས་ལེགས་སྒྲིག་བྱེད་པ་གཙོ་བོར་བཟུང་སྟེ། མཁའ་དབུགས་བཙོག་བཟོ་འགོག་བཅོས་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། མཁའ་དབུགས་གཙང་མར་སྒྱུུར་བའི་བྱ་བ་བཟང་བོར་སྒྲུབ་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐའ་འཁོར་ས་ཁུལ་གྱི་སྟོན་དགུན་དུས་ཀྱི་མཁའ་དབུགས་བཙོག་བཟོ་ཕྱོགས་བསྡུས་བཅོས་སྐྱོང་མཁྲེགས་གཏོར་འགུལ་སྐྱོད་ཀྱི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མཁའ་དབུགས་དང་ཁོར་ཡུག་གི་རྒྱུ་སྤུས་ལེགས་བཅོས་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།