ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆེས་མཐོའི་གདེང་འཇོག་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྟེ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གནས་བབ་ལ་རྒྱུས་ལོན་ཟབ་མོ་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་གྲོས་གཞི་བཞི་བཏོན་ཏེ། ཀྲུང་གོ་དུས་རབས་གསར་བ་དང་བགྲོད་ལམ་གསར་བར་ཞུགས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་འཛམ་གླིང་གི་དོན་སྙིང་རྒྱས་བཤད་བྱས་པས། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆེས་མཐོའི་གདེང་འཇོག་ཐོབ།

ཡུལ་དངོས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལ་ཉན་པའི་འཐུས་མི་མང་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཁོ་ཚོར་བབ་ཆགས་ཟབ་མོ་བཞག་པ་དང་། ནང་དོན་མང་པོ་དོན་དངོས་དང་མཐུན་པས་ངོ་མ་ཧ་ཅང་བཟང་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རུང་གསུང་བཤད་གནང་སྐབས་འཛམ་གླིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་བགྲོད་ལམ་གསར་བ་ལྔ་གསར་གཏོད་བྱེད་རྒྱུ་དང་། ཀྲུང་གོའི་བགྲོད་ལམ་གསར་བ་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་མཐུན་པར་བྱེད་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་སྔར་ལས་མཐུན་པར་བྱེད་རྒྱུའི་ཁྱབ་སྒྲོག་བྱས་པས། དེའི་བསམ་བློ་གཏིང་ཟབ་ཅིང་མིག་རྒྱ་ཡངས་པ། ཡིད་ཆེས་ཀྱིས་ཁེངས་པ་བཅས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟེངས་བསྟོད་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།