ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེས་ལ་ཉི་ཡ་དང་མཉམ་དུ་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་ལ་གཟིགས་སྐོར་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

877d58fcdb03d9d91a7a74ddb05f2547.jpg

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེས་ལ་ཉི་ཡ་དང་མཉམ་དུ་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་ལ་གཟིགས་སྐོར་མཛད། 

473926686a1ef604af13fd14f6a362fa.jpg

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེས་ལ་ཉི་ཡ་དང་མཉམ་དུ་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་ལ་གཟིགས་སྐོར་མཛད། 

4fffec4bb24885b57306bb9e78e585a4.jpg

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེས་ལ་ཉི་ཡ་དང་མཉམ་དུ་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་ལ་གཟིགས་སྐོར་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་ཚེས་བརྒྱད་ཉིན་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེས་ལ་ཉི་ཡ་དང་མཉམ་དུ་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་ལ་གཟིགས་སྐོར་མཛད། ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་གནའ་བོའི་ཕོ་བྲང་གི་པོ་ཡུན་ཐོག་ཁང་ནས་ཐི་ལང་ཕུའུ་དང་ལྕམ་མོ་མེས་ལ་ཉི་ཡ་ལ་བསུ་བ་ཞུས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ལྕམ་མོས་ཕན་ཚུན་ལ་འཚམས་འདྲི་ཞུས་པ་དང་མཉམ་དུ་པོ་ཡུན་ཐོག་ཁང་དུ་སོང་ནས་སྙིང་ཉེ་བའི་ཁ་བརྡ་བྱས།

ཞི་ཅིན་ཕེན་གྱིས་ཐི་ལང་ཕུའུ་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་ནས་ལོ་འཁོར་གཅིག་འགོར་བའི་སྐབས་འདིར་ཀྲུང་གོར་འཚམས་འདྲི་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ད་ལོའི་ཟླ་བཞི་བར་ཐི་ལང་ཕུའུ་བཟའ་ཚང་གོང་བོས་ཧའེ་ཧུའུ་ཞིང་ར་ནས་ཁོ་ལ་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཐི་ལང་ཕུའུ་བཟའ་ཟླ་གཉིས་ཀྱིས་དགའ་སྤྲོའི་ངང་ཀྲུང་གོར་འཚམས་འདྲི་བྱེད་པར་སྨོན་འདུན་ཞུས། 

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཐེངས་འདིར་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱེད་པར་དོན་སྙིང་གལ་ཆེན་ལྡན། དེར་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་དོ་སྣང་ཆེན་པོ་བྱས་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཐེངས་འདིའི་འཚམས་འདྲི་ལ་གྲུབ་འབྲས་བཟང་བོ་ཐོབ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ད་རུང་ཐི་ལང་ཕུའུ་ལ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཅུང་མ་འགོར་བའི་སྔོན་གྲོལ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཚམས་སྦྱོར་བྱས།

ཐི་ལང་ཕུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཁོའི་ཐེངས་འདིའི་འཚམས་འདྲིར་བཀོད་སྒྲིག་བཟང་བོ་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ་དང་། ཞི་ཅིན་ཕེན་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་རྒྱལ་དོན་འཚམས་འདྲིའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ཐི་ལང་ཕུའུ་ལ་གནའ་བོའི་ཕོ་བྲང་གི་ལོ་རྒྱུས་མཚམས་སྦྱོར་མཛད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།