ཀྲུང་གོ་བོད་ཀྱི་དྲ་བ།

«ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ»ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དེབ་གཉིས་པ་ཉེ་ལམ་པར་དུ་བསྐྲུན་ནས་རྒྱལ་ཁབ་ཕྱི་ནང་ལ་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121920443_15100628014221n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། «ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ»ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དེབ་གཉིས་པ་ཉེ་ལམ་པར་དུ་བསྐྲུན་ནས་རྒྱལ་ཁབ་ཕྱི་ནང་ལ་བཀྲམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་གསར་སྐྲུན་མཁན་གཙོ་བོ་ཡིན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་བར་གྱི་གསུང་བཤད་དང་གླེང་མོལ། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་བའི་གློག་འཕྲིན་སོགས་རྩོམ་ཡིག་གོ་དགུ་བཀོད་ཡོད་པ་དང་དེ་ཆེད་དོན་བཅུ་བདུན་དུ་བགར་ཡོད།

«ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ»ཞེས་པའི་དེབ་གཉིས་པའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་བའི་རླབས་ཆེན་ལག་ལེན་བཀོད་ཡོད་ལ། དེ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་འཕེལ་རྒྱས་གོ་རིམ་དང་ནང་དོན་གཙོ་བོ་གཅིག་བསྡུས་སྒོས་མཚོན་ཡོད་པ་དང་། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་བྱས་རྗེས་འཇོག་པའི་ཀྲུང་གོའི་རིག་སྟོབས་དང་ཀྲུང་གོའི་ཇུས་གཞི་གང་ལེགས་སྒོས་མཚོན་པར་བྱས་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པའི་དབང་ཟིལ་ཅན་གྱི་ཀློག་དེབ་ཅིག་ཡིན།

«ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ»ཞེས་པའི་དེབ་གཉིས་པ་ནི་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོའི་ཕྱི་ཡིག་ཅུའུ་དང་མཉམ་དུ་རྩོམ་སྒྲིག་བྱས་པ་དང་ཕྱི་ཡིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིག་སྒྲོག ལག་བསྟར་བཅས་བྱེད་པར་ཚ་རླབས་ཤིག་འཕྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེང་རབས་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྣང་བརྙན་བཟང་བོ་སྔར་ལས་ངོམ་པར་བྱེད་པར་དོན་སྙིང་གལ་ཆེན་ལྡན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།