ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གིས་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གནང་བའི་སྙན་ཞུ་ཁ་ཚང་དུ་བཀྲམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་གནང་བའི་ཁ་ཡིག་ལ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་ཞེས་པའི་སྙན་ཞུ་ཁ་ཚང་དུ་བཀྲམས།

སྙན་ཞུ་ལ་ཕལ་ཆེར་ཡིག་འབྲུ་ཁྲི་སུམ་དང་སྟོང་གཉིས་ཡོད་ལ། བསྡོམས་པས་ཁག་བཅུ་གསུམ་ཡོད། གཅིག་ནི་འདས་པའི་ལོ་ལྔའི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། གཉིས་ནི་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན། གསུམ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་གཞི་རྩའི་བྱེད་ཕྱོགས། བཞི་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་གསར་གཏོད་བྱེད་དགོས། ལྔ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས། དྲུག་ནི་མི་དམངས་རང་ཁྱིམ་རང་བདག་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་དགོས། བདུན་ནི་རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་དགོས། བརྒྱད་ནི་དམངས་ཚིས་ཆུ་ཚད་འགན་སྲུང་དང་ཇེ་ལེགས་སུ་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་གཏོད་བྱེད་དགོས། དགུ་ནི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མྱུར་དུ་བཅོས་སྒྱུར་བྱས་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། བཅུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། བཅུ་གཅིག་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། བཅུ་གཉིས་ནི་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། བཅུ་གསུམ་ནི་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་པ་བཅས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།