བློ་མཐུན་ལི་ཀྲན་ཧྲུའུ་ཡི་ལོ་རྒྱུས་མདོར་བསྡུས།

栗战书.jpg

བློ་མཐུན་ལི་ཀྲན་ཧྲུའུ་ཡི་ལོ་རྒྱུས་མདོར་བསྡུས།

ལི་ཀྲན་ཧྲུའུ།  ཕོ། རྒྱ་རིགས། 1950ལོའི་ཟླ8པར་སྐྱེས། ཧུ་པེ་ཞིང་ཆེན་ཕིང་ཧྲན་རྫོང་གི་མི་ཡིན།སྤྱི་ལོ1972ལོའི་ཟླ12པར་བྱ་བར་ཞུགས།  སྤྱི་ལོ1975ལོའི་ཟླ4བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།  ཧུ་པེ་དགེ་ཐོན་སློབ་ཆེན་གྱི་མཚན་མོའི་སློབ་ཆེན་ཆབ་སྲིད་སློབ་སྟོན་སྡེ་ཁག་ནས་མཐར་ཕྱིན།  ལས་ཐོག་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་།  མཐོ་རིམ་བཟོ་ཚོང་དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད། 

 ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན།ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

1971ལོ་ནས1972ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་ཁུལ་གྱི་ནོར་སྲིད་ཉོ་ཚོང་སློབ་གྲྭའི་ཚོང་རྫས་རིན་གོང་ཆེད་ལས་སྦྱངས། 

1972ལོ་ནས1976ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་ཁུལ་གྱི་བཟོ་ཚོང་ཅུའུའི་གཞུང་ལས་ཁང་གི་ལས་མི་དང་།  ཀྲུའུ་རེན་གཞོན་པའི་འགན་བཞེས། 

1976ལོ་ནས1983ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་གནས་ཏང་ཨུའི་གཞུང་ལས་ཁང་དཔྱད་ཡིག་ཚན་ཁག་གི་ལས་མི་དང་།ཁའོ་ཀྲང་གི་འགན་བཞེས།(དེའི་རིང་ལ1980ལོ་ནས1983ལོའི་བར་ཧུ་པེ་དགེ་ཐོན་སློབ་ཆེན་གྱི་མཚན་མོའི་སློབ་ཆེན་ཆབ་སྲིད་སློབ་སྟོན་སྡེ་ཁག་ནས་སློབ་གཉེར་བྱས)

1983ལོ་ནས1985ལོའི་བར།  ཧུ་པེ་ཞིང་ཆེན་ཝུའུ་ཅི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

1985ལོ་ནས1986ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་གནས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  སྲིད་འཛིན་ཀུང་ཧྲུའུའི་ཀྲོན་ཡོན་བཅས་ཀྱི་འགན་བཞེས། 

1986ལོ་ནས1990ལོའི་བར།  གུང་གཞོན་ཚོགས་པ་ཧུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།(དེའི་རིང་ལ1988ལོའི་ཟླ2པ་ནས1988ལོའི་ཟླ8པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་འཛུགས་གཞུང་ལུགས་གསོ་སྦྱོང་འཛིན་གྲྭ་ནས་སློབ་གཉེར་བྱས)

1990ལོ་ནས1993ལོའི་བར།  ཧུ་པེ་ཞིང་ཆེན་ཁྲེང་ཏེ་ས་གནས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  སྲིད་འཛིན་ཀུང་ཧྲུའུའི་ཀྲོན་ཡོན་བཅས་ཀྱི་འགན་བཞེས།

1993ལོ་ནས1997ལོའི་བར།  ཧུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་།  དྲུང་ཆེན་བཅས་ཀྱི་འགན་བཞེས།(1992ལོ་ནས1994ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་ནས་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས)

1997ལོ་ནས1998ལོའི་བར།  ཧུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་།  ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའི་འགན་བཞེས། 

1998ལོ་ནས2000ལོའི་བར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་།  ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།(1996ལོ་ནས1998ལོའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་ནོར་སྲིད་ཉོ་ཚོང་སྡེ་ཁག་ནས་དཔལ་འབྱོར་རིག་པ་སྦྱངས) 

2000ལོ་ནས2002ལོའ་བར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་།  རྩ་འཛུགས་པུའུའི་པུའུ་ཀྲང་གི་འགན་བཞེས། 

2002ལོ་ནས2002ལོའི་བར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་།  ཞི་ཨན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 

2002ལོ་ནས2003ལོའི་བར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཞི་ཨན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 

2003ལོ་ནས2004ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

2004ལོ་ནས2007ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཧྲིན་ཀྲང་གཞོན་པའི་འགན་བཞེས།(དེའི་རིང་ལ2005ལོ་ནས2007ལོའི་བར་ཧཱ་ཨར་པིན་བཟོ་ལས་སློབ་ཆེན་གྱི་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་སྦྱངས་ནས་མཐོ་རིམ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་བླངས)

2007ལོ་ནས2008ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཧྲིན་ཀྲང་ཚབ་མའི་འགན་བཞེས། 

2008ལོ་ནས2010ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཧྲིན་ཀྲང་གི་འགན་བཞེས། 

2010ལོ་ནས2012ལོའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། 

2012ལོ་ནས2012ལོའི་བར།  ཀྲུང་དབྱང་གཞུང་ལས་ཐིན་རྒྱུན་ལས་ལས་དོན་གྱི་ཀྲུའུ་རེན་གཞོན་པ།(པུའུ་ཀྲང་རིམ་པ་དང་པོ)  ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀུའེ་ཀྲོའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

2012ལོ་ནས2014ལོའི་བར།  ཀྲུང་དབྱང་ཆབ་སྲིད་ཅུའུའི་ཨུ་ཡོན་དང་།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུའི་ཧྲུའུ་ཅི།  ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེ་བཅས་ཀྱི་འགན་བཞེས།

2014ལོ་ནས2017ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུའི་ཨུ་ཡོན་དང་།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུའི་ཧྲུའུ་ཅི།  ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན།  ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

2017ལོ་ནས་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅོ་བརྒྱད་པ་དང་། སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱུན་ཨུ་ཡིན།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།