ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2017-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121832946_15085080221921n.jpg

ཟླ10པའི་ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཤིང་བློ་མཐུན་ཞི་ཅིན་ཕེན་གྱིས་ཚོགས་འདུ་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་ཟླ10པའི་ཚེས20ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

བློ་མཐུན་ཞི་ཅིན་ཕེན་གྱིས་ཚོགས་འདུ་ལ་འགོ་འཛིན་མཛད།

1121832946_15085080814571n.jpg

ཟླ10པའི་ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཤིང་། ཞི་ཅིན་ཕེན། ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུང་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུ་ལ་ཞུགས་ཡོད།

ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ལིའུ་ཡུང་ཧྲན་གྱིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འདེམ་སྒུག་མི་སྣ་དང་གྲ་སྒྲིག་མི་སྣའི་གྲོས་གཞི་མིང་ཐོ་ལ་གསལ་བཤད་གནང་།

ཚོགས་འདུ་ལས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)། 《ཀྲུང་གོ་གུང་ཁྲན་ཏང་གི་སྲོལ་ཡིག(དག་བཅོས་འཆར་ཟིན)སྐོར་གྱི་གྲོས་ཆོད》(འཆར་ཟིན)བཅས་ལ་གྲོས་མཐུན་བྱུང་སྟེ། འཐུས་མི་ཚོགས་པ་སོ་སོར་སྤྲད་དེ་གྲོས་བསྡུར་བྱེད་བཞིན་ཡོད།

ཚོགས་འདུ་ལས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འདེམ་སྒུག་མི་སྣ་དང་གྲ་སྒྲིག་མི་སྣའི་མིང་ཐོ་བཅས་ལ་གྲོས་མཐུན་བྱུང་སྟེ། འཐུས་མི་ཚོགས་པ་སོ་སོར་སྤྲད་དེ་ནང་མོལ་བྱེད་བཞིན་ཡོད།

ཚོགས་འདུ་ལས་འཐུས་མི་ཚོགས་པ་སོ་སོས་ནང་མོལ་བྱས་པའི་ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་ལ་གྲོས་མཐུན་བྱུང་བ་དང་། གྲོས་ཚོགས་སྟེང་ད་དུང་འདེམ་ཤོག་གི་ལྟ་སྐུལ་མི་སྣ་དང་འདེམ་ཤོག་གི་སྤྱིའི་ལྟ་སྐུལ་མི་སྣའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། དངོས་སུ་འདེམ་བསྐོ་བྱེད་སྐབས་ཚོགས་ཆེན་སྟེང་གྲོས་བསྡུར་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།