ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕེན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོས་ཀྲིག་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕེན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། ཀུན་སེམས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མདུན་བསྐྱོད་བྱེད་པར་སྐུལ་སྤེལ་གཏོང་དགོས་ཞེས་ནན་གྱིས་བསྟན་པ།

5.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས19ཉིན་གྱི་སྔ་དྲོར་བློ་མཐུན་ཞི་ཅིན་ཕེན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་སྔར་བས་གསལ་བོར་བཏོན་ཡོད་པས། དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་བསྐྱོད་པའི་ཆོད་གཏམ་གསར་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་འགྲོ་བའི་ཁྱད་ཆོས་གསར་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། གོམ་སྟབས་གཉིས་སུ་དབྱེ་སྟེ་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གསར་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཀུན་སེམས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་བྱ་རྒྱུར་སྐུལ་སྤེལ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་། སུན་ཀྲེ་ཀང་དང་། ཧྲེན་ཡེ་ཆིན། ཡུལ་ལེའུ་ཧྥེན། ཕན་ཁེ་ཀང་། ཀྲོའུ་ཅན་ཁུན། ཀྲུང་ཅིན། ཡང་པོའོ། ཀྲང་ཧྲུའུ་ཤིན། ཧོའང་ཅུན་ཆུང་སོགས་འཐུས་མི་དགུས་ཁག་སོ་སོར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྙན་ཞུའི་སྐོར་ལ་བསམ་འཆར་བཏོན་པ་དང་ངོས་འཛིན་དང་མྱོང་ཚོར་ལྷུག་བརྗོད་བྱས། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནི་དངོས་ཐོག་བདེན་འཚོལ་དང་དུས་བསྟུན་མཉམ་སྐྱོད། སེམས་ཤུགས་གཅིག་སྒྲིལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བའི་སྙན་ཞུ་ཞིག་ཡིན་པ་དང་། ཏང་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཕུ་ཐག་ཆོད་པ་བྱ་རྒྱུར་སྐུལ་སློང་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེའི་རྒྱལ་ཁ་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་སྙན་ཞུ་ཞིག་ཀྱང་ཡིན་པའི་ངོས་འཛིན་གནང་བ་དང་། སྙན་ཞུ་དེར་གོང་བཀུར་མཐའ་གཅིག་ཏུ་བྱ་རྒྱུའི་བསམ་ཚུལ་བསྟན།

ཞི་ཅིན་ཕེན་གྱིས་ཕྱོགས་གཅིག་ནས་བསམ་ཚུལ་ལ་གསན་པ་དང་ཕྱོགས་གཅིག་ནས་ཟིན་བྲིས་གནང་བཞིན་དུ་འཐུས་མི་རྣམས་དང་གྲོས་བསྡུར་གཏིང་ཟབ་གནང་ཡོད་པ་རེད།

འཐུས་མི་ཚོའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕེན་གྱིས་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་འཐུས་མི་ཡིན་པའི་ངོས་ནས་གྲོས་བསྡུར་ནང་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་རེད། ཞི་ཅིན་ཕེན་གྱིས་དེ་གར་ཡོད་པའི་འཐུས་མི་དང་ཀུའེ་ཀྲོའུ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་གནང་།

6.jpg

ཞི་ཅིན་ཕེན་གྱིས། ལོ་ལྔའི་རིང་ཀུའེ་ཀྲོའུ་ཡིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཕྱོགས་སོ་སོའི་ལས་དོན་ལ་མུ་མཐུད་དུ་འཕེལ་རྒྱས་གསར་པ་བྱུང་ཡོད། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མངོན་གསལ་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་དང་བསྒྱུར་བཅོས་སྒོ་འབྱེད་ལ་འཕེལ་རྒྱས་ཆེན་པོ་ཐོབ་པས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་མི་ཆད་པར་ཇེ་ཆེར་སོང་ལ། ཆབ་སྲིད་སྐྱེ་ཁམས་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད། ཀུའེ་ཀྲོའུ་ཡིས་བླངས་པའི་གྲུབ་འབྲས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་མདུན་བསྐྱོད་བྱས་པའི་མཚོན་བྱེད་ལྟ་བུ་ཞིག་ཡིན། དེའི་ཐོག་ནས་བལྟས་ན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གལ་ཆེའི་སྲིད་དོན་བྱེད་ཕྱོགས་དང་ལས་ཀའི་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཡིན་པ་གསལ་བཤད་བྱས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕེན་གྱིས་ཀུའེ་ཀྲོའུ་ཡི་བློ་མཐུན་ཚོས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་། འབད་འཐབ་གསར་སྐྲུན། དཀའ་སྤྱད་ལས་སྐྲུན། རྗེས་ཐོན་བསྙེགས་བརྒལ་བཅས་ཀྱི་སྙིང་སྟོབས་གསོ་སྐྱོང་དང་དར་སྤེལ་ཤུགས་ཆེན་བཏང་སྟེ། གོང་འཕེལ་དང་སྐྱེ་ཁམས་ཀྱི་གཞི་ཐིག་གཉིས་བརྟན་སྲུང་དང་། གོང་འཕེལ་གྱི་ཐབས་ལམ་གསར་གཏོད། རྗེས་ཐོན་གྱི་བཟང་ཆ་འདོན་སྤེལ། དབུལ་སྒྲོལ་འགག་གཏོར་བརྩོན་ལེན་དང་། མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ཐོབ་པ་བྱ་རྒྱུ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ཀུའེ་ཀྲོའུ་ཡི་གོང་འཕེལ་ལེའུ་གསར་པ་མུ་མཐུད་དུ་གཏོད་དགོས་པ་དང་། མང་ཚོགས་ཕྱུག་པོ་དང་སྐྱེ་ཁམས་མཛེས་སྡུག་ལྡན་པའི་ཀུའེ་ཀྲོའུ་ཡི་ངོ་མཚར་བའི་མ་འོངས་གསར་སྐྲུན་བྱ་རྒྱུའི་རེ་བ་བཏོན་པ་རེད།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་ཡོད་ཅིང་། འདི་ནི་རང་རྒྱལ་གོང་འཕེལ་གྱི་ལོ་རྒྱུས་གནས་བབ་གསར་པ་ཡིན། ཆབ་སྲིད་ཀྱི་བརྡར་ཤ་གལ་ཆེན་འདི་ཐག་བཅད་པ་ནི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ཚོད་བགམ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་དུས་རབས་གསར་པའི་བླང་བྱ་གཞིར་བཟུང་སྟེ། གོང་འཕེལ་གྱི་འཐབ་ཇུས་དང་སྲིད་ཇུས་སོ་སོ་འཐུས་ཚང་དུ་གཏོང་དགོས་ལ་ལས་དོན་སོ་སོར་སྐུལ་འདེད་དང་དངོས་འབེབས་བྱེད་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་ནི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཞིག་ཡིན་ཞིང་། དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་བ་མང་པོ་བཏོན་ཡོད། ང་ཚོས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ནས། གོང་འཕེལ་དོ་མཉམ་མིན་པ་དང་གོང་འཕེལ་གང་ལེགས་བྱུང་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་ཕྱོགས་མང་པོའི་ཐད་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་དགོས་མཁོ་སྐོང་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་མི་རང་ཉིད་ཀྱི་ཁྱོན་ཡོངས་གོང་འཕེལ་དང་། མི་དམངས་ཡོངས་ཐུན་མོང་ངང་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པས་རང་རྒྱལ་གྱི་འབྱུང་འགྱུར་གོང་འཕེལ་ཆེད་འཐབ་ཇུས་བཀོད་སྒྲིག་གནང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོར་སྐུལ་འདེད་གཏོང་དགོས་པ་དང་། ལྷག་པར་དུ་འཐབ་ཇུས་དང་ལས་དོན། སྲིད་ཇུས། བྱེད་ཐབས་བཅས་སོ་སོར་རྒྱུན་མཐུད་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱིས་རྒྱུན་འཁྱོངས་བྱས་ཏེ། གོམ་པ་རེ་རེ་བཞིན་རྒྱུན་ཆད་མེད་པར་ང་ཚོས་གཏན་ཁེལ་བྱས་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་བསྟན་པ་རེད།

ཞི་ཅིན་ཕེན་གྱིས། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པར་འགག་རྩ་ཏང་ལ་ཐུག་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཏང་གིས་ཡུན་རིང་སྲིད་འཛིན་བྱེད་པའི་གཞི་རྩའི་བླང་བྱ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་གཞི་རྩའི་འགན་ལེན་ཡང་ཡིན། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བཅས་བྱས་ཏེ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཏང་འདི་ཉིད་སྔར་བས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཞི་ཅིན་ཕེན་གྱིས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གནད་དོན་ཐད་ང་ཚོར་དེ་ག་ཙམ་གྱིས་འགྲིག་པ་དང་། ལྷོད་གཡེང་གཏོང་བ། ངལ་གསོ་རྒྱག་པ་བཅས་ཀྱི་བསམ་བློ་དང་། དཀའ་བ་སྤྱོད་ཐེངས་གཅིག་གིས་གཏན་བདེ་ཐོབ་པའི་བསམ་བློ། ཐོག་མའི་ཕན་འབྲས་ཐོན་པ་ཙམ་གྱིས་ཡང་དག་རེད་སྙམ་པའི་བསམ་བློ་བཅས་རྩ་བ་ནས་ཡོད་མི་རུང་བར། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་། བྱེད་མཁས་པ་དང་སྒྲུབ་མཁས་པ་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཅུས་གཟེར་དེ་བས་ཇེ་དམ་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བསམ་བློའི་བྱེད་ཐབས་དེ་བས་ཚན་རིག་དང་མཐུན་ཞིང་དེ་བས་ཚགས་དམ་པ། དེ་བས་ཕན་ནུས་ཆེ་བ་བཅས་ཡོང་བ་བྱས་ཐོག ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ལ་གཏིང་ཟབ་དུ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་བཅས་ནས་ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་ལ་བརྩི་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་“འདུ་ཤེས་བཞི”ལས་གནས་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་དང་། ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སོ་སོ་ཇི་མ་ཇི་བཞིན་དུ་ལག་ལེན་བསྟར་བ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ཚོགས་ཆེན་གྲོལ་རྗེས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་སློབ་སྦྱོང་ལག་ལེན་བྱེད་པའི་ལས་དོན་ལ་རྩ་འཛུགས་གང་ལེགས་བྱེད་དགོས་པ་དང་། ས་གནས་དང་སྡེ་ཁག་སོ་སོས་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཞིབ་ཕྲའི་བྱ་ཐབས་དང་དོན་དངོས་བྱ་སྤྱོད་དྲིལ་བསྒྲགས་བྱ་རྒྱུ་གཙིགས་སུ་འཛིན་པ་དང་། གཞི་རིམ་ལས་བྱེད་མང་ཚོགས་ཚོས་སློབ་སྦྱོང་དང་ལག་ལེན་བྱེད་པའི་དཔེ་མཚོན་བྱས་རྗེས་དང་སྤྱོད་ཚུལ་བཟང་པོ་ཚུར་སྣང་བྱེད་རྒྱུར་དོ་སྣང་བྱ་དགོས། དྲིལ་བསྒྲགས་རྣམ་པ་དང་བྱ་ཐབས་སྣ་ཚོགས་བེད་སྤྱོད་གང་ལེགས་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཉན་སྤྲོ་བ་དང་བལྟ་དགའ་བའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་ཁེ་ལས་དང་གྲོང་གསེབ། ལས་ཁུངས། སློབ་གྲྭ གཞིས་ཁུལ། དམག་སྒར་བཅས་སུ་དྲིལ་བསྒྲགས་བྱས་ནས་ལས་བྱེད་པའི་ངར་ཤུགས་ལ་སྐུལ་སློང་བྱེད་དགོས། གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱ་འགུལ་རྩ་འཛུགས་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བརྗོད་ཁ་གསལ་བྱས་ཏེ་མང་ཚོགས་ལ་ཧ་གོ་བ་དང་ཁོང་དུ་ཆུད་པ། དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།     །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།