ཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཆེན་ཐེངས་བཅུ་དགུ་པར\"ཏང་གི་འཐུས་མིའི་བགྲོད་ལམ\"བཀོད་སྒྲིག་བྱ་རྒྱུ་དང་ཡུལ་དངོས་བཅར་འདྲི་ཐེངས་གསུམ་སྒྲིག་འཛུགས་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      མི་དམངས་དྲ་བའི་འཕྲིན།  ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་( http://19th.cpcnews.cn ) ནས་སྤེལ་བའིགསར་འགྱུར་ལ་གཞིགས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐབས་སུ་གསར་འགྱུར་ལྟེ་གནས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར"ཏང་གི་འཐུས་མིའི་བགྲོད་ལམ"བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། ཚོགས་ཆེན་འཚོག་འགོ་ཚུགས་པའི་ཉིན་མོ་འི་ཆུ་ཚོད་7:30ནས་8:45བར་དང་། ཉིན་གཉིས་པའི་ཆུ་ཚོད་7:30ནས་8:45བར། ཚོགས་ཆེན་མཇུག་བསྒྲིལ་བའི་ཚོགས་འདུ་འཚོགས་རྗེས་ཀྱི་སྐར་མ་30ཡི་རྗེས་བཅས་སུ་ཡུལ་དངོས་སུ་ཚོགས་ཆེན་གྱི་འཐུས་མིར་བཅར་འདྲིའི་བྱེད་སྒོ་ཐེངས་གསུམ་སྒྲིག་འཛུགས་བྱ་རྒྱུ་རེད།

      གསར་འགོད་པས་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་རྒྱལ་ནང་གི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་དང་། ཀང་ཨའོ་ཐའེ་ཡི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་། ཕྱི་རྒྱལ་གྱི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་བཅས་སུ་མིང་ཐོ་བཀོད་ཆོག་པ་རེད། བཅར་འདྲིའི་མི་གྲངས་120ཡས་མས་ཡིན་ཞིང་། ཐོ་འགོད་བྱས་ནས་མི་གྲངས་ཚང་བའི་བར་དུ་ཐོ་འགོད་བྱ་རྒྱུ་རེད།
     རྒྱལ་ནང་གི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་།
     ཁ་པར། 68521200དང་68521300ཡིན་པ་དང་། བརྙན་སྐྱེལ། 68521400དང་68521600ཡིན་པ།
     ཀང་ཨའོ་ཐའེ་ཡི་གསར་འགོད་པ་སྣེ་ལེག་ཚོགས་ཆུང་།
     ཁ་པར། 68520200དང་68520300ཡིན་པ་དང་། བརྙན་སྐྱེལ། 68520500དང་68520600ཡིན་པ།
     ཕྱི་རྒྱལ་གྱི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་།
     ཁ་པར། 68576100དང་68576200དང་། 68576300བཅས་དང་། བརྙན་སྐྱེལ། 68576400དང་68576500དང་68574200བཅས་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།