ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས་དང་འཕྲིན་ཕྲན་སྤྱི་སྟེགས་ཟླ10བའི་ཚེས11ཉིན་ནས་ཤར་གཏོང་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་གསལ་དུ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས( http://19th.cpcnews.cn )དང་འཕྲིན་ཕྲན་སྤྱི་སྟེགས(མིང་ལ་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཞེས་པ་དང་། འཕྲིན་ཕྲན་ཨང་གྲངསcpcnews19thཡིན་པ)ཟླ10པའི་ཚེས11ཉིན་ནས་བཟུང་ཤར་གཏོང་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་གསལ་དུ། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས་དང་འཕྲིན་ཕྲན་སྤྱི་སྟེགས་གཉིས་ཀྱི་ཐོག་ནས་དུས་ཐོག་ཏུ་ཚོགས་ཆེན་གྱི་གྲོས་རིམ་ཁག་དང་། གནས་ཚུལ། སྤྱི་བསྒྲགས། བརྡ་ཐོ་སོགས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ཀློག་པ་པོ་ཚོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཆ་འཕྲིན་མཁོ་འདོན་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་རྒྱབ་ལྗོངས་དཔྱད་གཞིའི་ཡིག་ཆ་དང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སོགས་མཁོ་འདོན་བྱ་རྒྱུ་རེད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོས་ད་དུང་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་ནས་གསར་འགྱུར་ལྟེ་གནས་ཀྱི་ཞབས་ཞུའི་ནང་དོན་ཁག་དང་བྱ་ཐབས་ཁག་འདྲི་རྩད་དང་ཤེས་རྟོགས་བྱས་ཆོག་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།