ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ས་སི་ཝེ་ཅ་སི་ནས་མེ་འདས་བརྒྱབ་པའི་དོན་རྐྱེན་བྱུང་བའི་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་གློག་འཕྲིན་བཏང་སྟེ་ཨ་མེ་རི་ཁའི་ལ་སི་ཝེ་ཅ་སི་གྲོང་ཁྱེར་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་ནས་ཨ་མེ་རི་ཁ་སྲིད་གཞུང་དང་ཨ་མེ་རི་ཁའི་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་བྱས་ཤིང་། འདས་པོ་རྣམས་ལ་མྱ་ངན་ཞུས་པ་དང་རྨས་མ་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་པར་མ་ཟད་རྨས་མ་རྣམས་ཀྱི་ལུས་ཕུང་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

རྩོམ་སྒྲིག་པ། : བསམ་ནོར།