ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་ཀྲུང་དབྱང་ཁེ་ལས་ཀྱི་བསྐྱར་འཛུགས་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཡར་ཞུ་ལ་ཉན་ཏེ། བཅོས་སྒྱུར་ལ་བརྟེན་ནས་སྒྲིག་གཞི་ལེགས་སྒྲིག་དང་ཕན་འབྲས་ཇེ་ཆེར་གཏོང་དགོས་པ་བསྟན། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བར་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་དངུལ་ལོར་གྱི་ཞབས་ཕྱི་བཟང་བོ་སྒྲུབ་པར་བཀོད་སྒྲིག་བྱས་ནས། དཔལ་འབྱོར་གྱི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་བསྟན།

གྲོས་ཚོགས་སྟེང་བསྟན་དོན། 2013ལོའི་ཚུན་ལ། འབྲེལ་ཡོད་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཀྲུང་དབྱང་གི་ཁེ་ལས་སོ་གཉིས་བསྐྱར་འཛུགས་བྱེད་པའི་ལས་འགན་ཡོངས་གྲུབ་བྱས་ནས་གྲུབ་འབྲས་མངོན་གསལ་བླངས། གོ་རིམ་རྗེས་མར་བཅོས་སྒྱུར་ཟབ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྒྲིག་ཆས་བཟོ་སྐྲུན་དང་རྡོ་སོལ། གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་བསྐྱར་འཛུགས་ལེགས་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བར་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། མ་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། ལས་སྐྲུན་གསར་གཏོད་བྱེད་པ། ལས་ཞུགས་རྒྱ་བསྐྱེད་པ། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།