ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་མི་སྣར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e87f506612d8a385f95cf757c9bf7095.jpg

ཟླ9བའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་རྒྱལ་ཡོངས་མི་རིགས་ལྟ་སྐོར་ཚོགས་པའི་མི་སྣར་བརྩེ་བའི་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་རྒྱལ་ཡོངས་མི་རིགས་ལྟ་སྐོར་ཚོགས་པའི་མི་སྣར་བརྩེ་བའི་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ། ཁོས་ནན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་པར་བསུ་མ་བྱེད་པ་དང་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་གསར་བ་དང་བཀོད་སྒྲིག་གསར་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས་ལ་ཤུགས་སྣོན་པ། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་སྐྱིད་སྡུག་མཉམ་གནས། འཆམ་མཐུན་འཕེལ་རྒྱས་བཅས་ཡོང་བར་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟ་བུ་ཡོང་བ་དང། མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བཤད་རྒྱུར། གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་རྩ་འཛུགས་བྱས་ནས་མེས་རྒྱལ་ནང་ལོག་ས་ཁུལ་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་དུ་འཇུག་པ་ནི་རང་རྒྱལ་གྱི་མི་རིགས་བྱ་བའི་སྲོལ་རྒྱུན་བཟང་བོ་ཞིག་ཡིན་ལ། ང་ཚོ་ཏང་གིས་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པ་དང་། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཀྱང་ཡིན། ལག་ལེན་ལས་བྱེད་ཐབས་དེར་ཕན་ནུས་ལྡན་ལ། རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པས། ངེས་པར་དུ་རྒྱུན་འཛིན་བཟང་བོ་དང་དར་སྤེལ་བཟང་བོ་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་དཔེ་སྟོན་བཟང་བོ་བྱེད་དགོས་ལ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་། ཡིད་ཆེས་བཞི་དང་མོས་མཐུན་ལྔ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། མི་རིགས་ས་ཁུལ་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་སྣེ་ཁྲིད་པ་བཟང་བོ་བྱས་ནས། མི་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་དགོས་པའི་སྐུལ་མ་བཏང་།

སུང་ཁྲུན་ལན་ཐུག་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།