ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཅིག་ཅན་ལྔ་ཡི་བཟོ་སྐྲུན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཅིག་ཅན་ལྔ་ཡི་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་ཉི་ཤུ་ལྷག་གི་རིང་ལ། སྔོན་ཐོན་རིག་གནས་དར་སྤེལ་བྱེད་པ་དང་ཕུལ་བྱུང་བརྩམས་ཆོས་གང་མང་གསར་རྩོམ་བྱེད་པ་དམིགས་འབེན་དུ་བཟུང་སྟེ། དགོངས་དོན་གཏིང་ཟབ་ཅིང་སྒྱུ་རྩལ་ཕུལ་དུ་བྱུང་བ་དང་སྒྲིག་བཟོ་སྤུས་ལེགས་ལྡན་པའི་བརྩམས་ཆོས་གསར་བཟོ་བྱས་པ་དེ་བསམ་པའི་རིག་གནས་ཐོན་རྫས་གསར་སྐྲུན་ཐོན་སྐྱེད་ཀྱི་དཔེ་སྟོན་བཟོ་སྐྲུན་དུ་གྱུར་བ་དང་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བར་མ་ཟད་ཕུལ་བྱུང་བརྩམས་ཆོས་ཀྱིས་མི་སེམས་སྐུལ་བར་ནུས་པ་ཆེན་པོ་བཏོན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན་པས། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་མི་དམངས་དཀྱིལ་སྙིང་ཡིན་པའི་གསར་རྩོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། གསར་སྐྲུན་རང་བཞིན་གྱི་ལེགས་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ལེགས་ཐོག་ལེགས་འཚོལ་བྱེད་པ་དང་དཀའ་སྤྱད་སྡུག་རུས་སྒོས་ཕུལ་བྱུང་བརྩམས་ཆོས་གང་མང་གསར་རྩོམ་དང་ཐོན་སྐྱེད་པ་དང་། མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་དུས་རབས་ཀྱི་མདུན་སྐྱོད་རེ་བ་ཟིན་ཐོ་རུ་འགོད་དགོས་ལ། དབྱངས་རྟ་སྙན་མོ་གླུ་རུ་ལེན་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྤྲོད་བྱེད་པ་དང་མཉམ་དུ་ཀྲུང་གོའི་སྣང་བརྙན་གསར་བཟོ་དང་ཀྲུང་གོའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། མི་དམངས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མི་དམངས་སྙིང་སྟོབས་ལ་ཡར་སྐུལ་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ནུས་པ་འདོན་སྤྲོད་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།