ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «དང་བླངས་ཞབས་ཕྱིའི་སྲོལ་ཡིག»དེ2017ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «དང་བླངས་ཞབས་ཕྱིའི་སྲོལ་ཡིག»དེ2017ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས། དང་བླངས་ཞབས་ཕྱིའི་བྱ་འགུལ་ཚད་ལྡན་དུ་གཏོང་བ་དང་དང་བླངས་མཁན་གྱི་ཞབས་ཕྱིའི་ལས་དོན་གོང་འཕེལ་དུ་གཏོང་ཆེད། སྲོལ་ཡིག་ལས་དང་བླངས་ཞབས་ཕྱིའི་གཞི་རྩའི་རྩ་དོན་དང་དོ་དམ་སྒྲིག་སྲོལ། ཁེ་དབང་འགན་སྲུང་། བྱེད་ཐབས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་གཏན་འཁེལ་གསལ་བོ་བྱས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།