ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

zhangdejiang001.jpg

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་བས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་བས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྭི་ལིས་ཧྥུན་གྱིས་ད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ད་ལོར་སྤྱི་ཁོག་གི་ཚོད་འཛིན་ལ་གསར་གཏོད་བྱས་པ་དང་འཐུས་ཚང་དུ་བཏང་བས། དཔལ་འབྱོར་གཏན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་གསལ་ཡིན་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་མྱུར་དུ་སྤེལ་ནས། དཔལ་འབྱོར་གྲུབ་ཚུལ་སྔར་ལས་ལེགས་བསྒྱུར་རིམ་སྤོར་བྱས་ལ། རྒྱུན་མཐུད་ངང་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པས། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་སོང་བ་དང་། རྒྱུན་མཐུད་ངང་དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱས་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་། ལོ་སྨད་ལ་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་དངོས་གཟུགས་དཔལ་འབྱོར་ཚུལ་བསྒྱུར་རིམ་སྤོར་བྱེད་པ་དང་། རྒྱུན་མཐུད་ངང་ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ཁྱབ་ཁོངས་གཙོ་བོའི་ཐད་ཀྱི་ཉེན་ཁ་ཐག་གཅོད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་དང་ཕན་ཡོད་དངུལ་གཏོང་རྒྱ་བསྐྱེད་པ། སྒུལ་ནུས་གསར་བ་སྐྱེད་སྲིང་དང་ཆེ་རུ་གཏོང་བ་དང་སྲོལ་རྒྱུན་སྒུལ་ནུས་བསྒྱུར་བཀོད་མཐོར་འདེགས་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་ཐད་ཀྱི་ཚད་མཐའ་དམ་སྲུང་བྱེད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ནོར་སྲིད་པུའུ་ཡི་པུའུ་ཀྲང་ཞའོ་ཅེ་ཡིས་ད་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་ཐུན་སྔོན་རྩིས་ཡོང་སྒོ་སྒོར་ཁྲག་ཁྲིག་བརྒྱ་དང་ཐེར་ཆེན་བདུན་ཐེར་འབུམ་དྲུག་དུང་ཕྱུར་གཉིས་ལྷག་ཡིན་པ་དང་། བརྒྱ་ཆའི་བཅུ་ཡིས་འཕར་སྣོན་བྱུང་ཡོད་ལ། སྔོན་རྩིས་ལག་བསྟར་གནས་ཚུལ་ཅུང་བཟང་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཡོང་ཧྥུའུ་ཡིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ཐད་ནས་སྙན་ཞུ་ཕུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་དང་དབུལ་ཐར་མཁྲེགས་གཏོར་ལམ་ལུགས་མ་ལག་འཛུགས་པ། ཁྱོན་ཡོངས་ནས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་སྤེལ་བ་སོགས་ཀྱི་གནས་ཚུལ་ཐད་ནས་སྙན་ཞུ་ཕུལ་རྗེས། ཁོས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཀ་བཞི་གདུང་བརྒྱད་ཀྱི་མཐོ་རིམ་ཇུས་འགོད་ཧ་ལམ་ཡོངས་འགྲུབ་བྱས་ལ། རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པ་དང་། ཏང་ཡོངས་ཀྱིས་མཁྲེགས་གཏོར་ལ་སྐུལ་འདེད་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱས། གོ་རིམ་རྗེས་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་ཐད་ཀྱི་འཐབ་ཇུས་བསམ་བློ་མཛུབ་སྟོན་དུ་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་ལག་བསྟར་ནན་མོ་བྱས་ནས། ཧུར་ཐག་གིས་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཕུལ་བའི་ཁྲིམས་ཁང་ཤེས་བྱའི་བདག་དབང་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།