ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

70fb92f89d41903746f474e7d66a5951.jpg

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ཐེན་ཅིན་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ཐེན་ཅིན་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

ཚེས་ཉེར་བདུན་ཉིན་གྱི་དགོང་མོའི་ཐེན་ཅིན་ཨོ་ལིན་ཕིག་ལྟེ་གནས་ལུས་རྩལ་ར་བའི་ནང་གློག་འོད་ལྷམ་མེར་འཕྲོ་ཞིང་དགོད་སྒྲ་དང་སྤྲོ་བས་ཁེངས་ཡོད་ལ། དགོང་མོའི་དུས་ཚོད་བདུན་དང་སྐར་མ་ང་བདུན་སྟེང་། སྙན་འཇེབས་ཀྱི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ནས། ལྟད་མོ་བར་ལག་བརྡ་བསྟན་ནས་གུས་ལན་སློག་པ་དང་། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲའི་ཁེངས།

དུས་ཚོད་བརྒྱད་ཀྱི་སྟེང་དུ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མགོ་རྩོམ་མཛད་སྒོ་དངོས་སུ་མགོ་བརྩམས་པ་དང་། མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་དབྱངས་རྟ་དང་འགྲོགས་ནས། གཟབ་སྒྲེང་རུ་ཁག་གིས་སྐར་ལྔའི་དར་དམར་ཁྱེར་ནས་བརྟན་བརླིང་གི་གོམ་སྟབས་བསྒྱུར་ཏེ་ལུས་རྩལ་ར་བར་བསྐྱོད་པ་དང་། ལུས་རྩལ་པའི་མདུན་བསྐྱོད་གླུ་དབྱངས་ཀྱི་དབྱངས་རྟའི་ཁྲོད་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དར། དར་ཆ་སྒྲེང་མཁན་བརྒྱས་གྲུབ་པའི་ཚོགས་དར་རུ་སྟར་དང་ཤན་འབྱེད་པའི་འཐུས་ཚབ་རུ་སྟར་ཀྲུའུ་ཞིའི་སྟེགས་བུའི་མདུན་དུ་བསྐྱོད་ལ། དེའི་རྗེས་མཐུད་དེ་སོ་སོར་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། བཅིངས་འགྲོལ་དམག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ལས་རིགས་ལུས་རྩལ་མཐུན་ཚོགས་གསུམ་བཅས་ནས་ཡོང་བའི་འཐུས་ཚབ་ཚོགས་པ་སོ་བརྒྱད་ཀྱི་ལུས་རྩལ་པའི་འཐུས་ཚབ་རུ་སྟར་རིམ་པ་ལྟར་ཚོགས་རར་ཡོང་། ཚོགས་རའི་ལྟད་མོ་བས་ཐལ་མོ་རྡེབ་སྒྲས་ལུས་རྩལ་པ་རྣམས་ལ་དགའ་བསུ་བྱས།

ཚོགས་རར་ཞུགས་པའི་མཛད་སྒོ་མཇུག་རྫོགས་རྗེས། ཚོགས་རའི་མི་ཡོངས་ཡར་ལངས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། སྐད་གསང་མཐོ་ཞིང་རྔམ་བརྗིད་ལྡན་པའི་གླུ་སྒྲའི་ཁྲོད། དར་ཆ་སྒྲེང་བའི་མཛད་སྒོ་སྤེལ།

ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཧོང་ཀྲུང་གིས་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་མི་གྲངས་བྱེ་བ་གཅིག་ས་ཡ་དྲུག་གི་ཚབ་བྱས་ཏེ། ཚོགས་ཞུགས་སྐུ་མགྲོན་དང་ལུས་རྩལ་པ་ཡོངས་དང་རྩལ་འཁྲིད་པ། ཤན་འབྱེད་པ་བཅས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་དང་བཀའ་དྲིན་ཞུས།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་ཁབ་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཀའོ་ཀྲུང་ཝན་གྱིས་མགོ་རྩོམ་པའི་ཤིས་ཚིག་ཕུལ་ནས། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཙོ་སྒྲུབ་བྱེད་པའི་ཐེན་ཅིན་གྲོང་ཁྱེར་ལ་བཀའ་དྲིན་ཞུས་པ་དང་། ལུས་རྩལ་འགྲན་ཚོགས་སྒྲུབ་པའི་ཁྲོད་ཞུགས་པའི་ལས་བྱེད་པ་དང་དང་བླངས་པ་རྣམས་ལ་བླ་མེད་ཀྱིས་གུས་འདུད་བྱས།

དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུའི་སྟེང་། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་གླུའི་དབྱངས་རྟའི་ཁྲོད། ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དར་བསྒྲེངས།

ལུས་རྩལ་པ་ཝེ་ཆིག་ཡེའོ་དང་རྩལ་འཁྲིད་པ་ཞུས་ཀའོ་དབྱི། ཤན་འབྱེད་པ་ལིས་ཅིན་བཅས་ཀྱིས་སོ་སོར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པར་ཞུགས་པའི་ལུས་རྩལ་པ་དང་རྩལ་འཁྲིད་པ། ཤན་འབྱེད་པ་བཅས་ཀྱི་ཚབ་བྱས་ཏེ་དམ་བཅའ་བཞག

དེའི་རྗེས་རིག་རྩལ་འཁྲབ་སྟོན་བྱས་པ་དང་། རིག་རྩལ་འཁྲབ་སྟོན་དེ་ལོ་བརྒྱའི་འབོད་སྐུལ་དང་བདེ་ཐང་ཀྲུང་གོ མ་འོངས་སྣེ་ཁྲིད་བཅས་ལེའུ་གསུམ་དུ་བགོས་ཡོད་ལ། གཟུགས་མང་སྨྱན་བྱད་དང་སྒྲ་འོད་གློག་གི་བྱེད་ཐབས་ལ་བརྟེན་ནས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་མི་དམངས་ལ་ཕན་པ་བསྐྲུན་པ་དང་བདེ་ཐང་ཀྲུང་གོའི་བརྗོད་དོན་མཚོན་པར་བྱས་ཡོད།

དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཚོགས་རའི་ནང་གི་དཔའ་འབར་བརྒྱུད་སྤྲོད་དང་དཔའ་འབར་གཙོ་བོ་སྦར་བའི་མཛད་སྒོ་བསྡུས། དུས་ཚོད་དགུ་དང་སྐར་མ་བཞི་བཅུའི་སྟེང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མགོ་རྩོམ་མཛད་སྒོ་དེ་བརྗོད་དོན་གླུ་དབྱངས་ཀྱི་སྙན་འཇེབས་དབྱངས་རྟའི་ཁྲོད་ནས་རྒྱལ་ཁའི་ངང་མཇུག་བསྡུས།

ཝང་ཧུའུ་ཉིན་དང་ལིག་ཡན་ཏུང་། ཞུས་ཆི་ལེང་། ལིས་ཀྲན་ཧྲུའུ། ཝང་ཁྲིན། ལུའུ་ཀྲན་ཀུང་བཅས་མགོ་རྩོམ་མཛད་སྒོར་ཞུགས།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧྭི། རྒྱལ་སྤྱིའི་ཨོ་ལིན་ཕིག་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཡ་གླིང་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གོང་མའི་སྐུ་ཉེ་ཨེ་ཧྭ་མད་ཏི་དང་གདན་ཞུ་ལྟར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པར་ལྟ་སྦྱོང་བྱེད་པར་ཡོང་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་བཅས་མགོ་རྩོམ་མཛད་སྒོར་ཞུགས།

མགོ་རྩོམ་མཛད་སྒོར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན། ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཏུང་ཧྥིན་གྱིས་མགོ་འཛིན་བྱས།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དེ་ཟླ་དགུ་བའི་ཚེས་བརྒྱད་ཉིན་གྲོལ་རྒྱུ་ཡིན་ལ། མ་འོངས་པའི་ཉིན་བཅུ་གཉིས་ནང་། ལུས་རྩལ་པ་སྟོང་བརྒྱད་ལྷག་རྩལ་འགྲན་འགྲན་སྡུར་རྣམ་གྲངས་ལ་ཞུགས་རྒྱུ་ཡིན་པ་དང་། ལུས་རྩལ་པ་སྟོང་གསུམ་ལྷག་མང་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ཁྲོད་ཞུགས་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།