ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ«དངུལ་བསྡུ་འགན་ལེན་ཀུང་ཟིའི་ལྟ་སྐུལ་དོ་དམ་སྲོལ་ཡིག»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «དངུལ་བསྡུ་འགན་ལེན་ཀུང་ཟིའི་ལྟ་སྐུལ་དོ་དམ་སྲོལ་ཡིག»འགྲེམ་སྤེལ་བྱས། སྲོལ་ཡིག་དེ2017ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

«སྲོལ་ཡིག»ནང་རྒྱལ་ཁབ་ཀྱིས་སྲིད་གཞུང་རང་བཞིན་གྱི་དངུལ་བསྡུ་འགན་ལེན་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་དངུལ་བསྡུ་འགན་ལེན་ཀུང་ཟི་འཕེལ་རྒྱས་སུ་གཏོང་བ། སྲིད་གཞུང་དང་དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་དང་དངུལ་བསྡུ་འགན་ལེན་ཀུང་ཟི་བར་གྱི་མཉམ་ལས་ལམ་ལུགས་བཙུགས་ཏེ། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ། ཞིང་གསུམ་བཅས་ཐད་ལ་དངུལ་བསྡུ་འགན་ལེན་གྱི་བྱེད་སྒོ་འདོན་སྤྲོད་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་དགོས་པ་གཏན་འཁེལ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།