ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་གནང་ངལ་གསོ་བྱེད་པའི་ཆེད་མཁས་པར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

刘云山看望慰问北戴河暑期休假专家.jpg

ཟླ་བརྒྱད་པའི་ཚེས་དགུ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱང་གནང་ངལ་གསོ་བྱེད་པའི་ཆེད་མཁས་པར་འཚམས་འདྲི་བྱས་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་བརྒྱད་པའི་ཚེས་དགུ་ཉིན་པེ་ཏེ་ཧི་ནས་དབྱང་གནང་ངལ་གསོ་བྱེད་པའི་ཆེད་མཁས་པར་འཚམས་འདྲི་བྱས་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་བྱས།

ལོ་རེའི་དབྱར་གནང་སྐབས་སུ་ཕུལ་བྱུང་ཆེད་མཁས་པ་དང་ཤེས་ལྡན་མི་སྣར་གདན་དྲངས་ཏེ་པེ་ཏེ་ཧི་ནས་ངལ་གསོ་བྱེད་དུ་འཇུག་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་བྱ་བའི་ལམ་ལུགས་བཀོད་སྒྲིག་ཡིན།ད་ལོའི་དབྱར་གནང་ངལ་གསོ་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པའི་ཆེད་མཁས་པ་ང་བདུན་ཡོད་པ་དང་། ཁོ་ཚོ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གལ་ཆེན་དང་རྒྱལ་ཁབ་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་གཙོ་བོ། རྨང་གཞིའི་ཞིབ་འཇུག་ལས་གཞི་གལ་ཆེན་བཅས་ཀྱི་སྤྱིའི་བཀོད་འདོམས་པ་དང་སྤྱིའི་ཇུས་འགོད་པ། དབུ་བཞུགས་ཚན་རིག་པ། ལས་གཞིའི་འགན་ཁུར་བ་བཅས་རེད།

ལིག་ཡུན་ཧྲན་གྱིས་བཤད་རྒྱུར། རྒྱ་ཆེའི་ཆེད་མཁས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན། ཏང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་སྐོར་གྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་པ་དང་བསྟུན་ནས། ཤེས་ལྡན་མི་སྣའི་འཇོན་ཐང་འདོན་སྤེལ་བྱེད་པའི་གོ་སྐབས་སྔར་ལས་ཇེ་མང་དུ་སོང་པས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཁྱད་པར་དུ་ཚན་རྩལ་གསར་སྐྲུན་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། གསར་གཏོད་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཚན་རྩལ་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

མཱ་ཁེ་དང་ཀྲའོ་ལི་ཅི་གཉིས་འཚམས་འདྲི་བྱ་འགུལ་ཁྲོད་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།