ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག»ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག»དེ2017ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། 1987ལོ་ནས་བཟུང་ལག་བསྟར་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས་ལག་བསྟར་ཞིབ་ཕྲའི་རྩ་དོན་དུས་མཉམ་དུ་ལག་བསྟར་བྱེད་མཚམས་བཞག

«སྲོལ་ཡིག»ནང་དུ་ཕྱོགས་བཞིའི་ནང་དོན་གཏན་འཁེལ་བྱས་ཡོད། གཅིག མགོ་ཁུངས་ནས་སྡོམ་རྩིས་ཞིབ་བཤེར་བྱ་འགུལ་ཚད་ལྡན་དུ་གཏོང་དགོས། གཉིས། སྡོམ་རྩིས་ཞིབ་བཤེར་གྱི་རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་དགོས། གསུམ། སྡོམ་རྩིས་རྒྱུ་ཆ་ཁྱབ་སྒྲོག་བྱེད་པའི་གཙོ་གཞི་དང་དབང་ཚད། རེ་བ་བཅས་གསལ་བོ་བྱེད་དགོས། བཞི། སྡོམ་རྩིས་ཁྲིམས་འགལ་བྱ་སྤྱོད་ཀྱི་འགན་འཁྲི་རྩད་གཅོད་བྱ་བར་ཤུགས་སྣོན་དགོས་པ་བཅས་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།