ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་རྟོག་ཞིབ་མཛད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

全国人大常委会委员长张德江抵达澳门.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་བརྒྱད་ཉིན་གྱི་ཉིན་གུང་ཨོ་མིན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་རྟོག་ཞིབ་མཛད་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་དེའི་དུས་ཚོད་བཅུ་གཉིས་སྟེང་། ཀྲང་ཏི་ཅང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་དང་མཉམ་དུ་ཁོ་ལ་བསུ་མ་བྱེད་དུ་ཡོང་བའི་མི་སྣར་བརྩེ་བའི་ཕྱག་འཇུ་གནང་བ་དང་། ཡུལ་དངོས་ཀྱི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་འཚམས་འདྲི་བྱས་པར་མ་ཟད་ཁོ་ཚོ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཨོ་མིན་སྤུན་ཟླ་རྣམས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ང་རང་ད་ཐེངས་ཨོ་མིན་ལ་ཡོང་དོན་སྐད་ཆ་གསུམ་དང་ཡིག་འབྲུ་དྲུག་གིས་མཚོན་ཆོག་སྟེ། གཅིག་ནི་མྱོང་ཚོར་ཡིན། ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་རྗེས། དཔལ་འབྱོར་དང་སྤྱི་ཚོགས་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བ་མངོན་གསལ་དུ་ལེགས་བཅོས་བྱས་པ་དང་། ཕྱོགས་སོ་སོའི་ཐད་ལ་གསོན་ཤུགས་གསར་བ་རྒྱས་ཡོད་ལ། གྲུབ་འབྲས་དེ་དག་ཐོབ་སླ་མོ་ཞིག་མིན་པས་ཁས་ལེན་གང་ལེགས་བྱེད་དགོས། གཉིས་ནི་རྟོབ་ཞིབ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་དབྱང་གིས་ཨོ་མིན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བའི་ཐད་ལ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན། ད་ཐེངས་བདག་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བསམ་འཆར་ལ་ཉན་པར་མ་ཟད། ཨོ་མིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་རེ་བ། དེ་མིན་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་ཡིན་པ་དང་། མཉམ་དུ་ཇུས་འགོད་བྱས་ཏེ་ཨོ་མིན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན། གསུམ་ནི་སྐུལ་ལྕག་ཡིན། དེང་སྐབས་ཨོ་མིན་ནི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད་པས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཨོ་མིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། དེ་དང་མཉམ་དུ་ཀྲུང་དབྱང་གིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཨོ་མིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།