ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་མགོ་འཛིན་མཛད་དེ་སྡོམ་རྩིས་དོ་དམ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་དང་སྡོམ་རྩིས་གཞི་གྲངས་ཀྱི་བདེན་དངོས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张高丽:1.jpg

ཟླ་གཉིས་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་བྱ་བར་གཟིགས་ཞིབ་མཛད་པར་མ་ཟད། མགོ་འཛིན་མཛད་དེ་སྡོམ་རྩིས་དོ་དམ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་དང་སྡོམ་རྩིས་གཞི་གྲངས་ཀྱི་བདེན་དངོས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། 
 

张高丽:2.jpg

ཟླ་གཉིས་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་བྱ་བར་གཟིགས་ཞིབ་མཛད་པར་མ་ཟད། མགོ་འཛིན་མཛད་དེ་སྡོམ་རྩིས་དོ་དམ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་དང་སྡོམ་རྩིས་གཞི་གྲངས་ཀྱི་བདེན་དངོས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བརྒྱད་ཉིན་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་བྱ་བར་གཟིགས་ཞིབ་མཛད་པར་མ་ཟད། མགོ་འཛིན་མཛད་དེ་སྡོམ་རྩིས་དོ་དམ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་དང་སྡོམ་རྩིས་གཞི་གྲངས་ཀྱི་བདེན་དངོས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྡོམ་རྩིས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་སྡོམ་རྩིས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཡིན་ལ། ཆེ་ཕྱོགས་ནས་སྙོམས་སྒྲིག་ཚོད་འཛིན་བྱེད་པའི་གཞིར་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན་པས། ངེས་པར་དུ་སྡོམ་རྩིས་གཞི་གྲངས་རྫུན་མ་བཟོ་བ་སྔོན་འགོག་བྱས་ནས། སྡོམ་རྩིས་རྒྱུ་ཆ་ཡང་དག་པ་དང་ཆ་ཚང་། དུས་བབ་དང་མཐུན་པ་བཅས་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། ཙུང་ལི་ལིས་ཁི་ཆང་གིས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། སྡོམ་རྩིས་གཞི་གྲངས་ཡང་དག་པ་ཡོང་བར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ལ་ཚན་རིག་གི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། བརྟན་འཇགས་ཁྲོད་ཡར་ཐོན་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྡོམ་རྩིས་བྱ་བའི་ཚན་རིག་རང་བཞིན་དང་དབང་ཟིལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྡོམ་རྩིས་གཞི་གྲངས་ཀྱི་བདེན་དངོས་རང་བཞིན་དང་ཡང་དག་པའི་རང་བཞིན་ཇེ་ཆེར་གཏོང་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། སྡོམ་རྩིས་དོ་དམ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། སྡོམ་རྩིས་གཞི་གྲངས་ཀྱི་བདེན་དངོས་རང་བཞིན་ཇེ་ཆེར་གཏོང་བ་བཅས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་སྡོམ་རྩིས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཕུལ་བྱུང་བྱས་རྗེས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་བྱེད་དགོས་པར་མ་ཟད། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།