ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཟི་ཁྲོན་ནས་དམངས་ཁྲིམས་སྤྱིའི་རྩ་དོན་ཐད་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江在四川调研时强调 发扬民主集思广益制定好民法总则 1.jpg

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། ཀྲང་ཏི་ཅང་གིས་ཁྲིན་ཏུའུ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུ་བའི་ཚུལ་རེད། ཞིང་ལྗོངས་དང་གྲོང་ཁྱེར་བཅུ་གཅིག་གི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས། ཁྲིམས་ལུགས་བྱ་བ་སྒྲུབ་མཁན་དང་ཆེད་མཁས་པ་དང་རིག་གནས་པ་བཅས་གྲོས་ཚོགས་སུ་ཞུགས།

张德江在四川调研时强调 发扬民主集思广益制定好民法总则 2.jpg

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། ཀྲང་ཏི་ཅང་ཁྲིན་ཏུའུ་ཕིས་ཞན་ཆིན་ཁང་ཧྲུའུ་སྡེ་བར་ཕེབས་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད། 
 

张德江在四川调研时强调 发扬民主集思广益制定好民法总则 3.jpg

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། ཀྲང་ཏི་ཅང་དབྱི་པིན་ལིས་ཀྲོང་གྲོང་བརྡལ་ཐུན་ཅི་གཞིས་ཁུལ་དུ་ཕེབས་ནས། གཞིས་ཁུལ་གྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཟི་ཁྲོན་ཞིང་ཆེན་ནས་དམངས་ཁྲིམས་སྤྱིའི་རྩ་དོན་ཐད་ལ་གཟིགས་ཞིབ་མཛད་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ། ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་མི་དམངས་ལ་ཧ་ཅང་འགན་ཁུར་བའི་བསམ་པ་བཅངས་ཏེ། དམངས་གཙོ་དར་སྤེལ་བྱེད་པ་དང་། བློ་བསྡུས་དགེ་འཚོལ་བྱས་ནས། དམངས་ཁྲིམས་སྤྱིའི་རྩ་དོན་གཏན་འཁེལ་བཟང་བོ་བྱེད་པ་དང་། དམངས་ཁྲིམས་ཚིག་མཛོད་རྩོམ་སྒྲིག་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཀྲང་ཏི་ཅང་སྔ་གཞུག་ཏུ་དབྱི་པིན་དང་ཁྲིན་ཏུའུ་གཉིས་ལ་ཕེབས་ཏེ། དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་གསུངས་རྒྱུར། དམངས་ཁྲིམས་ཚིག་མཛོད་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་ཁྲོད་ཀྱི་གཞི་རྩའི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་དམ་པོ་ཡོད་པ་དང་། སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བའི་འབྲེལ་བ་ཚད་ལྡན་དུ་གཏོང་བའི་སྤྱིའི་སྒྲིག་ལམ་ཡིན། དམངས་ཁྲིམས་སྤྱིའི་རྩ་དོན་དེར་དམངས་ཁྲིམས་ཚིག་མཛོད་ནང་གཅིག་གྱུར་བཀོད་འདོམས་ཀྱི་ནུས་པ་ལྡན་པས། ངེས་པར་དུ་དེའི་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ཏི་ཅང་གིས་ཁྲིན་ཏུའུ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུ་སྐབས་གསུངས་རྒྱུར། དམངས་ཁྲིམས་སྤྱིའི་རྩ་དོན་གཏན་འཁེལ་བྱེད་དགོས་ན་ངེས་པར་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ནས། རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་ཁྲིམས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། མང་ཚོགས་གཞི་རྩར་འཛིན་པ་དང་དམངས་ཀྱི་དོན་དུ་ཁྲིམས་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མཐོ་རིམ་ནས་ཇུས་འགོད་དང་ལམ་ལུགས་བཀོད་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།