ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张高丽会见日本经济界代表团 1.jpg

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྲིན་ཡོན་ཏིན་ཀྲུང་དང་འཇར་པན་གྱི་འཇར་པན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཙུང་ཀང་ཀྲིན་ཨེ། འཇར་པན་ཚོང་བཟོ་གྲོས་ཚོགས་ཁང་གི་ཚོགས་གཙོ་སན་མེན་ཚུན་ཧྥུའུ་བཅས་ཀྱིས་ཁྲིད་པའི་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་གཅིག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྲིན་ཡོན་ཏིན་ཀྲུང་དང་འཇར་པན་གྱི་འཇར་པན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཙུང་ཀང་ཀྲིན་ཨེ། འཇར་པན་ཚོང་བཟོ་གྲོས་ཚོགས་ཁང་གི་ཚོགས་གཙོ་སན་མེན་ཚུན་ཧྥུའུ་བཅས་ཀྱིས་ཁྲིད་པའི་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

ཀྲང་ཀའོ་ལིས་ཀྱིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་ཚོགས་པ་གསུམ་མཉམ་འབྲེལ་སྒོས་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བ་དང་། འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་བོ་གཏན་ལ་ཕབ་སྟེ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གཉིས་བར་གྱི་ཆབ་སྲིད་ཡིག་ཆ་བཞི་དང་རྩ་དོན་དང་ཐུན་མོང་གི་ལྟ་བ་བཞི་བརྩི་སྲུང་ནན་མོ་བྱས་ཏེ། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། མ་འོངས་པར་ཁ་ཕྱོགས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་དམ་པོར་བཟུང་སྟེ། འགལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། བརྗེ་རེས་དང་མཉམ་ལས་ལ་བརྟན་འཇགས་སྒོས་སྐུལ་འདེད་བཏང་ནས། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

གྲོས་མོལ་ལ་ཞུགས་པའི་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་ཚོགས་པ་གསུམ་གྱི་འགན་ཁུར་བས་བཤད་རྒྱུར། འཇར་པན་དཔལ་འབྱོར་ལས་རིགས་ཀྱིས་ཀྲུང་གོའི་ཁེ་ལས་བར་ལག་རྩལ་གསར་གཏོད་དང་རིག་ནུས་བཟོ་སྐྲུན། སྨན་བཅོས་བདེ་སྲུང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།