ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་དམག་དཔུང་གི་དཔལ་འབྱོར་སྤྱོད་བདེ་སྡོད་ཁང་འཛུགས་སྐྲུན་ལས་གཞིའི་ཆེད་དོན་གཙང་བཤེར་དང་དག་ཐེར་བཅོས་སྒྱུར་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་ཐག་གཅོད་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་དཔུང་གི་དཔལ་འབྱོར་སྤྱོད་བདེ་སྡོད་ཁང་འཛུགས་སྐྲུན་ལས་གཞིའི་ཆེད་དོན་གཙང་བཤེར་དང་དག་ཐེར་བཅོས་སྒྱུར་བྱ་བ་ནན་ཏན་སྒོས་ལག་བསྟར་བྱེད་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་དམག་དཔུང་གི་དཔལ་འབྱོར་སྤྱོད་བདེ་སྡོད་ཁང་འཛུགས་སྐྲུན་ལས་གཞིའི་ཆེད་དོན་གཙང་བཤེར་དང་དག་ཐེར་བཅོས་སྒྱུར་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་ཐག་གཅོད་བསམ་འཆར་འགྲེམ་སྤེལ་བྱས། བསམ་འཆར་ལས་ཤུལ་བཞག་གནད་དོན་ཐག་གཅོད་སྐབས་དངོས་ཐོག་བདེན་འཚོལ་དང་འདྲ་མཉམ་དྲག་བདེན། གཟབ་ནན་ཚད་གཞི། ཁྲིམས་ལྟར་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ། གནད་ཆེ་ས་འབུར་ཐོན་དང་ཁྱོན་ཡོངས་ལ་དག་ཐེར་དང་བཅོས་སྒྱུར་བྱེད་པ། ཧུར་ཐག་བརྟན་བརླིང་དང་དངོས་ཕན་བརྩོན་ལེན་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད། བསམ་འཆར་ལས་དམག་དཔུང་གི་དཔལ་འབྱོར་སྤྱོད་བདེ་སྡོད་ཁང་འཛུགས་སྐྲུན་དོ་དམ་ཁྲོད་གནས་པའི་ཤུལ་བཞག་གནད་དོན་ལ་དམིགས་ཏེ། ལུགས་མཐུན་གྱི་ཐག་གཅོད་བྱེད་ཐབས་དང་ལག་ལེན་གོ་རིམ། སྤྱིའི་རེ་བ་བཅས་གཏན་འཁེལ་གསལ་བོ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།