ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

13.jpg

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ལ་བཟོ་བཅོས་བྱེད་པར་ཞིབ་འཇུག་བྱས།

ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་ནི་ད་ལོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་ཞིབ་བཤེར་བྱ་བ་ཐོག་མར་སྒྲུབ་མགོ་རྩོམ་པའི་ལས་གཞི་ཞིག་རེད། ད་ལོའི་ཟླ་བཞི་བ་ནས་ཟླ་ལྔ་བའི་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ལྔ་བཙུགས་ཏེ་སྔ་གཞུག་ཏུ་ཧུའུ་པེ་དང་ནང་སོག་སོག་ཞིང་ལྗོངས་དང་གྲོང་ཁྱེར་བཅུ་ལ་ཞིབ་བཤེར་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཚན་ཆུང་སོ་སོའི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་དང་འབྲེལ་ཡོད་ས་གནས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་རང་ཉིད་ཀྱིས་ཞིབ་བཤེར་བྱས་པའི་སྙན་ཞུ་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་སྟེང་ཁྲིམས་འཛིན་ཞིབ་བཤེར་གྱི་སྙན་ཞུ་མ་ཡིག་བཀོད།

ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་མི་སྣ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བའི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་མ་ཡིག་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན་རྗེས། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཁྲིམས་འཛིན་ཞིབ་བཤེར་བྱས་པའི་གནས་ཚུལ་ལ་བལྟས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཟས་རིགས་བདེ་འཇགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་གཟབ་ནན་བཞིའི་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། གསར་དུ་བཟོ་བཅོས་བྱས་པའི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཧུར་ཐག་སྒོས་ལག་བསྟར་བྱེད་པ་དང་། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། ཟས་རིགས་བདེ་འཇགས་གནས་བབ་སྤྱིར་བརྟན་དང་བཟང་བའི་ཕྱོགས་སུ་བསྒྱུར་ཡོད་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་བྱ་བའི་ཁྲོད་གནད་དོན་རྩད་གཅོད་པ་དང་གནད་དོན་ལ་ཞིབ་འཇུག བསམ་འཆར་ལེགས་བཅོས་བྱེད་པ་བཅས་ལ་མཐོར་ཆེན་བྱས་པར་མ་ཟད། བཅའ་ཁྲིམས་ལག་བསྟར་བྱེད་པའི་དོན་དངོས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱས་པས། འབྲེལ་ཡོད་ཕྱོགས་སོ་སོས་གཞོགས་འདེགས་དམ་པོ་བྱེད་པ་དང་། མཉམ་དུ་འབད་བརྩོན་བྱས་ནས། ཁྲིམས་འཛིན་ཞིབ་བཤེར་བྱ་བ་བདེ་བླག་ངང་བསྒྲུབ་པ་དང་། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བརྩོན་ལེན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།