ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

33.jpg

པར་འདི་ནི་ཀྲང་ཏི་ཅང་གིས་པཱ་ཡན་ཀྲའོ་ཨར་གྲོང་ཁྱེར་ལིན་ཧི་ཆུའུ་བརྒྱད་གཅིག་ཞང་ལེན་ཧྥུན་སྡེ་བའི་ཞིང་ཕྱུགས་མཉམ་ལས་ཁང་ནས་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་རྒྱུ་སྤུས་བདེ་འཇགས་ལ་ཚོད་འཛིན་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

34.jpg

པར་འདི་ནི་ཀྲང་ཏི་ཅང་གིས་པཱ་ཡན་ཀྲའོ་ཨར་གྲོང་ཁྱེར་ལིན་ཧི་ཆུའུ་ཧྥུའུ་ཁྲོན་ལུག་གསོ་ར་བ་ནས་གཟིགས་ཞིབ་མཛད་པའི་ཚུལ་རེད།

35.jpg

པར་འདི་ནི་ཀྲང་ཏི་ཅང་གིས་ནང་སོག་དབྱི་ལི་ཁེ་ལས་སྡེ་ཚོགས་ནས་འོ་མའི་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་གནས་ཚུལ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་ལྔ་བའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར་ནང་སོག་རང་སྐྱོང་ལྗོངས་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་སྐབས་ནན་གྱིས་གསུངས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཟས་རིགས་བདེ་འཇགས་བྱ་བའི་ཐད་བཏོན་པའི་རེ་བ་ནན་མོ་བཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པར་མ་ཟད། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱས་ནས། བཟང་ཞིང་ནུས་པ་ལྡན་པ་དང་། སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་ཟས་རིགས་བདེ་འཇགས་བཅོས་སྐྱོང་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ལུག་གསོ་ཁེ་ལས་དང་ཞིང་ཕྱུགས་མཉམ་ལས་ཁང་ནས་ཀྲང་ཏི་ཅང་གིས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་ཚོད་འཛིན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཞིང་ལས་ཁེ་ལས་གཙོ་བོ་དང་ཞིང་བ་ཆེད་ལས་མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཟས་རིགས་ཐད་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་པར་ཤུགས་བསྣན་ཏེ། ཟས་རིགས་བདེ་འཇགས་བྱ་བ་ནན་འཛིན་བྱེད་དགོས་ཞེས་གསུངས།

ཕྱེ་དང་ཤ་ལས་སྣོན་བྱེད་པའི་བཟོ་གྲྭ་དང་ཟས་རིགས་ཚོང་རར་ཀྲང་ཏི་ཅང་གིས་ཟས་རིགས་ལས་སྣོན་དང་བཙོང་བའི་ཕྱོགས་ཀྱི་བདེ་འཇགས་དོ་དམ་བྱ་བར་རྒྱུས་ལོན་ཞིབ་མོ་མཛད་རྗེས་ནན་གྱིས་གསུངས་རྒྱུར། ཟས་རིགས་ཐོན་སྐྱེད་བདག་གཉེར་ཁེ་ལས་ཀྱིས་ཁྲིམས་ལུགས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཇེ་ཆེར་གཏོང་བ་དང་། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་འོས་འགན་ལག་བསྟར་ནན་མོ་བྱས་ནས། ཟས་རིགས་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས་ཟེར།

གཟིགས་ཞིབ་མཛད་སྐབས། ཀྲང་ཏི་ཅང་གིས་པ་ཡན་ཀྲའོ་ཨར་དང་ཧུའུ་ཧི་ཧོ་ཐི་ནས་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས། ཁོང་གིས་གྲོས་ཚོགས་སྟེང་གསར་དུ་བཟོ་བཅོས་བྱས་པའི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱིས་ཟས་རིགས་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་ཁྲིམས་ལུགས་ཀྱི་གཞིར་འཛིན་ས་དང་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པས། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཟས་རིགས་བདེ་འཇགས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་ཆེར་བཏང་སྟེ། ཁྲིམས་ལུགས་ཡང་དག་པ་དང་ནུས་ཡོད་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ཟས་རིགས་བདེ་འཇགས་བྱ་བ་གཙིགས་འཛིན་དང་ལེགས་བཅོས་བྱས་ནས། མི་དམངས་མང་ཚོགས་ལ་བེད་འཇགས་དང་བདེ་ཐང་ཟས་རིགས་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ཏི་ཅང་ད་རུང་ནང་སོག་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ལ་ཕེབས་ཏེ། ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་འཚམས་འདྲི་མཛད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།