ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཧུའུ་པེ་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

507d3d4607aaf5e9abe162cdae3bc3e5.jpg

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཧུའུ་པེ་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཧུའུ་པེ་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཟས་རིགས་བདེ་འཇགས་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཟས་རིགས་བདེ་འཇགས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཟས་རིགས་བདེ་འཇགས་བྱ་བ་གཙིགས་འཛིན་དང་ལེགས་བཅོས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ཡོང་བར་དངོས་སུ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་གསུངས།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཁྲིད་དེ་སྔ་གཞུག་ཏུ་ཞང་ཡང་དང་བུའུ་ཧན་གཉིས་ལ་ཕེབས་ཏེ་ཁྲིམས་འཛིན་ཞིབ་བཤེར་མཛད། སྔོ་ཚོད་ཐོན་སྐྱེད་རྟེན་གཞི་དང་ས་བོན་ཞིབ་འཇུག་གསར་སྤེལ་ལས་ཁུངས་ནས་ཀྲང་ཏི་ཅང་གིས་འདེབས་འཛུགས་ལས་རིགས་གཉེར་བའི་ཞིང་བ་ཁྱིམ་ཚང་དང་ལག་རྩལ་མི་སྣ་བཅས་དང་སྙིང་ཉེ་བའི་ངང་ཁ་བརྡ་མཛད། ཁོས་གིས་ཟས་རིགས་བདེ་འཇགས་བྱ་བ་བཟང་བོར་སྒྲུབ་པ་དང་། ཞིང་སྨན་དང་ཕྱུགས་སྨན། གཟན་ཆས། རྫས་འགྱུར་ལུད་རྫས་སོགས་ཞིང་ལས་ཐད་ཀྱི་དངོས་རྫས་བཀོལ་སྤྱོད་ནན་མོ་བྱེད་པ། ཚན་རྩལ་གྱི་བདེ་འཇགས་འགན་སྲུང་བྱ་བའི་རྒྱབ་རྟེན་ནུས་པ་ཇེ་ཆེར་བཏང་སྟེ། ཟས་རིགས་སྐོར་གྱི་ཞིང་ལས་ཐོན་རྫས་ལ་ཁག་ཐེག་བཟང་བོ་བྱེད་དགོས་ཞེས་གསུངས། གྲོང་སྡེའི་ཉོ་ཚོང་ཚོང་ར་དང་ཟས་རིགས་ཐོན་སྐྱེད་བདག་གཉེར་ཁེ་ལས། བཟའ་བཏུང་ཚོང་གཉེར་ལས་ཁུངས་བཅས་སུ་ཀྲང་ཏི་ཅང་གིས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་དང་གོ་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ནན་གྱིས་གསུངས་རྒྱུར། བདེ་འཇགས་ནི་ཟས་རིགས་ཁེ་ལས་ཀྱི་སྲོག་རྩ་ཡིན་ལ། རྒྱ་ཆེའི་ཐོན་སྐྱེད་བདག་གཉེར་བྱེད་མཁན་གྱིས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་ལྟར་དོན་སྒྲུབ་དགོས་པར་མ་ཟད། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་ནན་མོ་བྱས་ནས། བདེ་འཇགས་ཀྱི་ཟས་རིགས་མཁོ་སྤྲོད་བྱེད་དགོས་ཟེར།

གཟིགས་ཞིབ་མཛད་སྐབས། ཀྲང་ཏི་ཅང་གིས་ཞང་ཡང་དང་བུའུ་ཧན་ས་ཁུལ་གཉིས་སུ་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།