༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།   Download ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
སྐལ་བཟང་ཡར་འགྲོ།
ལེན་མཁན། ཀླུ་མོ་གཡང་སྒྲོན།རྩོམ་སྒྲིག་པ། བསམ་འཕེལ་ནོར་བུ།2010-01-20

【གཞས་ཚིག】བློ་བཟང་མཐའ་ཡས།【 དབྱངས】པད་མ། 【རོལ་དབྱངས་སྒྲིག་བཟོ་བ།】སའོ་ཅིན་ཀོ

༡. དཔྱིད་ཀྱི་དྲོད་འཇམ་ལྡང་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  རི་ལུང་ནགས་ཚལ་རྒྱས་སོང་།    སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་བྱེའུ་ཆུང་འཇོལ་མོས།    སྐལ་བཟང་ཡར་འགྲོ་ལ་ཡེ།

  ལྡེམ་མྱུར་བོད་ནས་ངོམ་སོང་།    སྐལ་བཟང་ཡར་འགྲོ་ལ་ཡེ།

.དབྱར་གྱི་དཔལ་མོ་བཞད་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  མེ་ཏོག་འཛུམ་མདངས་རྒྱས་སོང་།  སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་ཁུ་བྱུག་སྔོན་མོས།      སྐལ་བཟང་ཡར་འགྲོ་ལ་ཡེ།

  སྐད་སྙན་བོད་ནས་བསྒྲགས་སོང་།  སྐལ་བཟང་ཡར་འགྲོ་ལ་ཡེ།

༣ .སྟོན་གྱི་བདག་མོ་སླེབས་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  རྩི་བཅུད་ལོ་འབྲས་སྨིན་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་སྤང་རྒྱན་སྔོན་མོས།    སྐལ་བཟང་ཡར་འགྲོ་ལ་ཡེ།

  འཕྱོར་སྒེག་བོད་ནས་ངོམ་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

༤ .དགུན་གྱི་རྒྱལ་མོ་ཐོན་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  ས་གཞི་ཁ་བས་གཡོག་སོང་།    སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་མེ་ཏོག་གངས་ལྷས།    སྐལ་བཟང་ཡར་འགྲོ་ལ་ཡེ།

  འཛུམ་དཀར་བོད་ནས་བསྟན་སོང་། སྐལ་བཟང་ཡར་འགྲོ་ལ་ཡེ།

 

ཀྲུང་གོ་བོད་ཀྱི་དྲ་བའི་རོལ་མོའི་ལེ་ཚན་ནང་དུ་ཕེབས་ནས་རོལ་དབྱངས་ལ་ཉན་པར་དགའ་བསུ་ཞུ།
པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག