ལྷོ་ཕྱོགས་ཡུལ་ལ་འཕུར་བའི།།ལྷ་བྱ་ཁྲུང་ཁྲུང་རིག་ན།།
ཐག་རིང་ཕྱི་ལ་འཁྱམས་པའི།།ཤ་རུས་སྤུན་ཟླ་དྲན་བྱུང་།།

བར་སྣང་ཁམས་ལ་འཕུར་བའི།།ལྷ་བྱ་ཡིན་ན་སྐྱིད་ལ།།
སྤུན་ཟླའི་ཕྱོགས་ལ་བསྐྱོད་པའི།།ཁྲུང་ཁྲུང་ཡིན་ན་དགའ་བ།།

ལྷོ་ཕྱོགས་ཡུལ་ལ་རྒྱུགས་པའི།།ཡར་ཀླུང་གཙང་བོ་རིག་ན།
ཐག་རིང་ཕྱི་ལ་འཁྱམས་པའི།།ཤ་རུས་སྤུན་ཟླ་དྲན་བྱུང་།།
གཙང་བོ་གན་ལ་གནས་པའི།།གསེར་ཉ་ནཡིན་ན་སྐྱིད་པ།།
སྤུན་ཟླའི་ཕྱོགས་ལ་རྒྱུགས་པའི།།གཙང་བོ་ཡིན་ན་དགའ་བ།།

སྐྱབས་གཅིག་བླ་མ་ཡི་དམ།།ང་ཡི་སྤུན་ཟླ་སྐྱོབས་ཤིག །
ཐང་རིང་ཡུལ་ལ་འཁྱམས་པའི།།ཤ་རུས་སྤུན་ཟླ་སྐྱོངས་ཤིག།