ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི《བོད་ཀྱི་སློབ་གསོ》དེབ་གཉིས་པའི་མགོ་བརྗོད།

ཡོང་ཁུངས། : 2019ལོའི《བོད་ཀྱི་སློབ་གསོ》དེབ་གཉིས་པའི་སྟེང་བཀོད།   རྩོམ་པ་པོ། : རྩོམ་པ་པོ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲིན་ཀྲང་ལིའུ་ཉིང་།བསམ་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདས་པའི་ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་དོན་འཁྱོལ་ནན་ཏན་བྱས་པ་དང་། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་པ། ཏང་གིས་སློབ་གསོའི་བྱ་བར་སྣེ་ཁྲིད་བྱེད་པར་ཤུགས་ཆེ་རུ་གཏོང་བ། སྤྱོད་ཡོན་ལེགས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་འོས་འགན་དོན་འཁྱོལ་བྱེད་པ། ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་གསར་སྐྲུན་ཇེ་ཟབ་ཏུ་གཏོང་བ། དཔུང་སྡེ་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་སོགས་ཀྱི་ཐད་ནས་ལས་ཀ་འབོར་ཆེན་བསྒྲུབས་ཏེ། ལྔ་བཞིའི་ཐབས་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་། འབད་བརྩོན་ཆེན་པོས་སྔོན་གཅིག་ལེགས་གཉིས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པས། འདིར་བློ་མཐུན་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་གཞི་ཆེན་པོ་དང་ཏང་གི་ཇུས་གཞི་ཆེན་པོ་ཡིན་པས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་སྒོ་ཀུན་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་། རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། རེ་བ་ཡིན་ན་ལོ་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛུབ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། རང་རྟོན་བཞི་བློ་བརྟན་འགྱུར་མེད་ཡིན་པ། སྲུང་སྐྱོང་གཉིས་ལེགས་པར་བསྒྲུབ་ཏེ། སྒོ་ཀུན་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། གསར་སྐྲུན་གསར་གཏོད། དཀའ་གནད་མཁྲེགས་གཏོར། སློབ་གསོའི་དེང་རབས་ཅན་གྱི་སྤུས་ཚད་ལེགས་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་སྟེ་ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབས་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་དགོས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།