ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་ཆ་བཟང་པོ་མི་ཚེའི་གྲོགས་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ་ཀྱིས་སྒྱུར།   སྤེལ་དུས། : 2018-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔེ་ཆ་བཟང་པོ་མི་ཚེའི་གྲོགས་ཡིན།

Companionship of Books

དཔེ་ཆ་བཟང་པོ་མི་ཚེའི་སྡོངས་གྲོགས་ཡིན། །

དུས་ནི་བསྐལ་པ་ཟིན་ཡང་འགྱུར་དུ་མེད། །

བཟོད་བསྲན་ངང་རིང་དེ་ལྷག་མ་མཆིས་ཏེ། །

མི་ལ་དགའ་ཚོར་སྣང་བ་དཔག་མེད་སྩོལ། །

ཡི་མུག་འཚོ་བས་བསྐྱེད་པའི་སྡུག་བསྔལ་དང་། །

མ་ངེས་རྐྱེན་གོད་ཉེན་སོགས་ཅི་བྱུང་ཡང་། །

གང་དེའི་འབྲལ་མེད་མཛའ་བརྩེ་ལྷོད་པ་མེད། །

གསུང་རབ་གྱིས་ནི་ན་ཕྲའི་སྐྱེ་བོ་ལ། །

མི་ཚེའི་ལམ་སྟོན་གཅེས་པ་མང་དུ་གནང་། །

ཀློག་ལ་འཇུག་པའི་ན་རྒས་སྐྱེ་བོར་ཡང་། །

སེམས་གསོ་དང་ནི་སྐུལ་མ་ཡང་ཡང་སྩོལ། །

A good book may be among the best of friends. It is the same today that it always was, and it will never change. It is the most patient and cheerful of companions. It does not turn its back upon us in times of adversity or distress. It always receives us with the same kindness; amusing and instructing us in youth, and comforting and consoling us in age.

གང་ཞིག་ཀློག་པ་དེ་ཡི་ཤུགས་ཀྱིས་ནི། །

ཀློག་པོའི་ལྷག་བསམ་ངང་གིས་རྟོགས་པར་ནུས། །

དེ་ནི་སྐྱེ་བོ་སུ་ལ་འགྲོགས་གྱུར་ན། །

ཕ་རོལ་རིན་ཐང་ངང་གིས་རྟོགས་དང་མཚུངས། །

ལ་ལས་མི་ཚེའི་ལམ་གྲོགས་མི་ཡིན་ཞིང་། །

འགའ་ཞིག་གསུང་རབ་གྲོགས་སུ་འགུགས་པ་མཆིས། །

མདོར་ན་སྔ་ཕྱི་གང་ཞིག་བསྟེན་གྱུར་ཡང་། །

གཅེས་ན་ཐམས་ཅད་མི་ཚེའི་གྲོགས་སུ་འོས། །

A man may usually be known by the books he reads as well as by the company he keeps; for there is a companionship of books as well as of men; and one should always live in the best company, whether it be of books or of men.

སྲིད་འདིར་ཐམས་ཅད་མི་རྟག་རྒུད་འགྱུར་ཡང་གསུང་རབ་གཤིས་ལ་ཉམས་པ་མེད། །

འདི་ཀོ་འགྲོ་མིས་འབད་པ་བརྒྱས་བསྐྲུན་པའི་ཡུན་བརྟན་འབྲས་བུ་འབའ་ཞིག་སྟེ། །

དགོན་པ་འཇིག་པར་སྲིད་ན་ལྷ་སྐུ་ཡང་ཉམས་རུལ་མེད་པ་ག་ལ་སྲིད། །

འོན་ཏེ་གསུང་རབ་དག་ནི་བསྐལ་པའི་བར་བློ་ཡི་ངོས་ནས་ཡལ་མི་འགྱུར། །

དོན་གྱི་སྙིང་པོས་སྟོང་བའི་དཔེ་ཆ་དེ་དུས་ཀྱིས་རེ་ཞིག་འདོར་སྲིད་ཀྱང་། །

ངེས་དོན་རྨད་བྱུང་གསུང་རབ་ཁོ་ན་ཉིད་བསྐལ་པར་གནས་ལ་སོམ་ཉི་མེད། །

Books possess an essence of immortality. They are by far the most lasting products of human effort. Temples and statues decay, but books survive. The only effect of time have been to sift out the bad products; for nothing in literature can long survive e but what is really good.

དཔེ་ཆ་བཟང་པོས་ང་ཚོ་ཕུལ་བྱུང་སྐྱེ་བོའི་གྲོགས་སུ་འགྱུར་བར་བྱེད་ཅིང་། ང་ཚོ་རླབས་ཆེ་བའི་རིམ་བྱོན་སྐྱེས་ཆེན་ཚོ་དང་ལྷན་དུ་སྡོད་པར་འཇུག་སྟེ། སྐྱེས་ཆེན་དེའི་གསུང་དངོས་སུ་ཐོས་པ་དང་། སྐྱེས་ཆེན་དེ་དངོས་སུ་མཐོང་བ། སྐྱེས་ཆེན་དེའི་འགྲོ་འདུག་སྤྱོད་པ་ལ་དངོས་སུ་ལྟ་བ་བཞིན་སྐྱེས་ཆེན་དེ་དག་དང་ཐུགས་ཡིད་གཅིག་འདྲེས་ངང་ནས་སྐྱོ་སྡུག་མཉམ་རོལ་དང་གཞན་སྡུག་རང་མྱོང་གི་སྣང་བ་སྐྱེས་འོངས་པས། ང་ཚོས་རང་ཉིད་རྩོམ་པ་པོ་གང་དེས་རི་མོར་བཞེངས་པའི་གར་སྟེགས་ཐོག་ཁོང་ཅག་དང་མཉམ་དུ་གདོང་ལ་ཚོས་བྱུགས་ནས་འཛེག་བཞིན་འདུག་སྙམ་འོང་ངེས་སོ། །

Books introduce us into the best society; they bring us into the presence of the greatest minds that have ever lived. We hear what they said and did; we see the as if they were really alive; we sympathize with them, enjoy with them, grieve with them; their experience becomes ours, and we feel as if we were in a measure actors with them in the scenes which they describe.

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།