ཀྲུང་གོ་བོད་ཀྱི་དྲ་བ།

ཨེན་སི་ཐན་གྱི་ཤེས་རབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ་ཀྱིས་བསྒྱུར།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོགས་སློང་སྐྱེ་ཞིང་དགེ་མཚན་ལྡན་པའི་སེམས་རྒྱུད་ཀྱིས་ཟིན་པའི་གྲུབ་འབྲས་དང་ཕན་ཚུན་བསྡུར་འོངས་ན། མཉམ་མེད་ཤཱཀྱའི་རྒྱལ་པོ་སྟོན་པ་ཐུགས་རྗེ་ཅན་དང་། མོའུ་སི། ལྗེ་སི་བཅས་ལྟ་བུའི་སྐྱེ་མཆོག་འདི་དག་གི་མི་གཤིས་ནི་ཁོ་བོར་མཚོན་ན་དེ་བས་ཀྱང་གལ་ཆེ་བ་ཞིག་གོ། །

What humanity owes to personalities like Buddha, Moses, and Jesus ranks for me higher than all the achievements of the inquiring and constructive mind.

ཁྱོད་ཀྱིས་ལག་པ་མེ་ཐབ་ཚ་པོའི་ཐོག་བཞག་ཏེ་དུས་ཚོད་སྐར་མ་གཅིག་འདས་ན། དུས་ཚོད་གཅིག་རིང་ཙམ་འདས་པའི་སྙམ་པ་སྐྱེ་འོང་ལ། ཡང་མཛེས་པའི་བུ་མོ་ཞིག་དང་མཉམ་དུ་དུས་ཚོད་གཅིག་རིང་བསྡད་ན། དུས་ཚོད་སྐར་མ་གཅིག་ཙམ་གྱི་ཡུན་ལས་མ་འདས་པར་སྙམ་ངེས་ཏེ། འདི་ནི་ལྟོས་བཅས་སྨྲ་བ་ཡིན།

Put your hand on a hot stove for a minute, and it seems like an hour; Sit with a pretty girl for an hour, and it seems like a minute. That's relativity.

ཉིན་བཞིན་དུ་རྒས་ནས་འགྲོ་བཞིན་པའི་སྐྱེ་བོ་ཞིག་ལ་མཚོན་ན། འཆི་བ་ནི་ཐར་པ་ཞིག་སྟེ་ངས་ད་ལྟ་རང་ཉིད་ལོ་ན་ཤིན་ཏུ་མཐོ་བ་གསལ་པོར་ཚོར་འོངས། དེར་མ་ཟད་འཆི་བ་ནི་སྤྲོད་འགྱངས་རིང་དུ་ཕྱིན་ན་ཡང་། མཐར་ཅི་ནས་ཀྱང་བུ་ལོན་འཇལ་དགོས་པ་ལས་མ་འདས་པར་སྙམ་མོ། །

To one bent by age death will come as a release; I feel this quite strongly now that I have grown old myself and have come to regard death like an old debt, at long last to be discharged.

ཚན་རིག་དང་མི་ལྡན་པའི་ཆོས་ལུགས་ནི་ཞ་བོ་ཡིན་ལ། ཆོས་ལུགས་དང་མི་ལྡན་པའི་ཚན་རིག་ནི་ལོང་བ་ཡིན།

Science without religion is lame, religion without science is blind.

དད་མོས་དང་ཟབ་བརྟན་གྱི་བརྩེ་དུང་ལ་དམ་ཟབ་ཀྱི་འབྲེལ་བ་ཡོད་ཅིང་། མཆོག་ཏུ་གྱུར་པའི་སེམས་རྒྱུད་ནི་བདེན་པའི་འཇིག་རྟེན་ལས་རང་འགུལ་གྱིས་མངོན་པར་གསལ་ངེས་ཏེ། འདི་ནི་ཁོ་བོའི་སེམས་ཁོང་གི་དཀོན་མཆོག་ལགས།

A belief bound up with deep feeling, in a superior mind that reveals itself in the world of experience, represents my conception of God.

དཀའ་སྡུག་དང་ཉེན་ཁ་མང་པོར་འཕྲད་མྱོང་བའི་འཚོ་བ་ནི་ཇི་འདྲའི་ལས་དོན་ཁྱད་པར་བ་ཞིག་རེད་ཨང་། རིག་པ་གསལ་ཞིང་དྭངས་བའི་སྐབས་མང་པོ་ཞིག་གི་ཚེ་ན། ངས་རང་ཉིད་ནི་ཉེན་ཁ་མི་མཐོང་བའི་ཆེད་དུ་མགོ་བོ་བྱེ་མར་ཡིབ་པའི་བྱ་རྔ་མོང་ཞིག་དང་མཚུངས་པ་གསལ་པོར་མཐོང་བྱུང་། མི་སུས་ཀྱང་རང་ཉིད་ལ་འཇིག་རྟེན་ཆུང་ངུ་ཞིག་བསྐྲུན་ཡོད་ཅིང་། དེ་ནི་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་པའི་དངོས་ཡོད་འཇིག་རྟེན་དང་བསྡུར་ན་ཤིན་ཏུ་ཉམ་ཆུང་མོད། འོན་ཀྱང་། རང་གིས་རང་ལ་བརྐོས་པའི་ས་དོང་དུ་བསྐུངས་ནས་སྡོད་པའི་ཙི་གུ་བཞིན། མིས་ནི་དེ་དག་གི་ཁྲོད་ལས་ཀྱང་སྔར་བཞིན་རང་ཉིད་ནི་རླབས་ཆེ་ཞིང་གལ་ཆེ་བར་སྙམ་ངེས་སོ། །

What a peculiar way this is to weather the storms of life-in many a lucid moment I appear to myself as an ostrich who buries his head in the desert sand so as not to perceive the danger. One creates a small little world for oneself, and as lamentably insignificant as it may be in comparison with the ever-changing greatness of real existence, one feels miraculously large and important, just like a mole in his self-dug hole.

ངས་ཚན་རིག་གི་ལས་དོན་གཉེར་བའི་སྒུལ་ཤུགས་དེ་ནི་རང་བྱུང་ཁམས་ཆེན་མོའི་གསང་བར་རྒྱུས་ལོན་བྱས་པའི་འགོག་མེད་ཀྱི་དགོས་འདུན་ཆེན་པོ་ལས་བྱུང་བ་ཡིན་གྱི། དེ་མིན་གྲུབ་ཆ་གཞན་མེད། ངས་སྤྱི་ལུགས་ལ་བཅངས་པའི་དགའ་ཞེན་དང་འགྲོ་བ་མིའི་རིགས་ཀྱི་གནས་བབ་ལེགས་བཅོས་བགྱིད་པར་སྐུལ་སྤེལ་བཏང་བའི་འབད་འབུངས་མཐའ་དག་ཀྱང་། ཁོ་བོ་ཚན་རིག་ལ་མོས་པ་ཡོད་པ་དེར་འབྲེལ་བ་མེད་དོ། །

My scientific work is motivated by an irresistible longing to understand the secrets of nature and by no other feelings. My love for justice and the striving to contribute toward the improvement of human conditions are quite independent from my scientific interests.

མི་སྒེར་གྱི་རུལ་སུངས་ལས་ཐར་བར་བྱ་བའི་ཐབས་ལམ་འབའ་ཞིག་ནི། རྒྱུན་ཆད་མེད་པར་ལས་ཀ་བསྒྲུབ་རྒྱུ་དེ་ཡིན། རྒྱུ་མཚན་ནི། མིས་ནི་བྱ་བ་སྒྲུབ་མཚམས་བཞག་སྟེ་ཆེ་བསྟོད་འཐོབ་པར་བློ་ཁ་ཕྱོགས་པས་ཡིན། དེ་བས་བསྒྲུབ་འོས་པའི་བྱ་དོན་ཉག་གཅིག་ནི་འདི་དག་ལས་གཡོལ་ཏེ་ཆག་མེད་སྒོས་ལས་ཀ་བསྒྲུབ་རྒྱུ་སྟེ། མདོར་ན་ལས་ཀ་བསྒྲུབ་རྒྱུ་ལས་ཐབས་གཞན་མེད་དོ། །

The only way to escape the personal corruption of praise is to go on working. One is tempted to stop and listen to it. The only thing is to turn away and go on working. Work. There is nothing else.

ང་རང་སྙན་གྲགས་ཀྱི་དབང་གིས་སྔར་བས་ཀྱང་གླེན་ནག་ཚ་པོ་ཞིག་ཏུ་གྱུར་ཡོད། འདི་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་པ་སྨོས་ཅི་དགོས་ཏེ། སྐྱེ་བོ་ཞིག་ནི་ཅི་ཞིག་ཡིན་པ་དང་། དེ་མིན་གཞན་གྱིས་ཁོ་ལ་འོལ་ཚོད་ཅི་འདྲ་བྱས་པར་ཧེ་བག་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་། མིས་ངེས་པར་དུ་ཉམས་མཚར་པོ་བསྟན་ཏེ་འདི་དག་ཡོད་ཚད་བཟོད་ཐུབ་དགོས་སོ། །

With fame I became more and more stupid, which, of course, is a very common phenomenon. There os far too great a disproportion between what one is and what others think one is, or at least what they say they think one is. But one has to take it all with good humor.

རང་ཉིད་ཀྱིས་ནོངས་པ་ཅི་བགྱིས་པ་དེ་ཟབ་མོར་བརྟག་ག་ལ་དགོས། མིས་ནི་ཉིན་རྒྱུན་འཚོ་བའི་ཁྲོད་ལས་རྒྱུས་ལོན་བྱེད་ཐུབ་ཏེ། མི་ནི་གཞན་གྱི་ཆེད་དུ་འཚོ་གནས་བྱུང་ཡོད་དོ། །

Without deep reflection one knows from daily life that one exists for other people.

བྱ་བ་ནི་འཚོ་བའི་སྙིང་པོ་ངོ་མ་སྦྱིན་ཐུབ་པའི་ལས་འབའ་ཞིག་སྟེ། ང་ཚོའི་དམིགས་ཡུལ་ནི་མཐའ་ལ་ཐུག་གི་བར་དུའང་འདག་ཆལ་སྦངས་པ་ཙམ་ལས་མ་ཡིན་ཞིང་། རང་ཅག་སྐྱེ་བོ་ཀུན་ཀྱང་སྤྲ་མི་རིམ་འགྱུར་ལས་བྱུང་བའི་རྐང་གཉིས་ཅན་གྱི་སྲོག་ཆགས་ཡིན།

Work is the only thing that gives substance to life. After al, our goals are merely are merely soap bubbles. We are all two-legged animals descended from the apes.

རྟོག་བཀོད་ཀྱི་ནུས་པ་ནི་ཤེས་ཡོན་ལས་ཀྱང་གལ་ཆེ་སྟེ། ཤེས་ཡོན་ལ་ཚད་ཡོད་ཀྱང་། རྟོག་བཀོད་ཀྱི་ནུས་པས་འཇིག་རྟེན་ཧྲིལ་པོའི་མཐའ་ནས་བསྐོར་ཡོད།

Imagination is more important than knowledge. Knowledge is limited. Imagination encircles the world.

གལ་ཏེ། སྐྱེ་བོ་སུ་དང་གང་གིས་ཀྱང་རང་ཉིད་བདེན་དོན་དང་ཤེས་རིག་གི་ཤན་འབྱེད་པ་ཡིན་ཞེས་སྨྲ་བར་སྤོབས་ན། དེ་ཉིད་ལྷ་ཚོགས་ཀྱི་ཁྲེལ་དགོད་ཀྱིས་ཕམ་པར་བཏང་ཡོད།

Whoever undertakes to set himself up as judge in the field of truth and konwledge is shipwrecked by the laughter of the gods.

རྒྱལ་སྤྱིའི་སྒྲིག་ལམ་གྱི་གེགས་གཞི་ཆེན་མོ་ནི་གཏོས་ཆེ་རུ་འགྲོ་བཞིན་པའི་མི་རིགས་རིང་ལུགས་ཐལ་དྲགས་པ་སྟེ། དུས་རྒྱུན་གོ་འཛོལ་དུ་སྤྱད་པའི་རྒྱལ་གཅེས་རིང་ལུགས་ཀྱང་ཡིན།

The greatest obstacle to international order is that monstrously exaggerated spirit of nationalism which also goes by the fair-sounding but misused name of patriotism.

ཁོ་བོས་རྒྱལ་ཁབ་ཀྱི་ཆེས་གཙོ་ཆེ་བའི་འོས་འགན་ནི་འབངས་མི་ཀུན་སྲུང་སྐྱོང་བྱས་ཏེ། ཁོ་ཚོར་གོ་སྐབས་བྱིན་ནས་གསར་གཏོད་ཀྱི་ནུས་པ་ལྡན་པའི་སྒེར་མི་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་ཡིན་པར་འདོད།

I regard it as the chief duty of the state to protect the individual and give him the opportunity to develop into a creative personality.

ཁོ་བོ་ནི་བློ་བརྟན་འགྱུར་མེད་ཀྱི་དམངས་གཙོ་སྨྲ་བ་པོ་ཞིག་ཡིན་རུང་། ཁོ་བོས་ཀྱང་གསལ་པོར་ཤེས་ཏེ། གལ་ཏེ་སྤྱི་ཚོགས་ཀྱི་སྐྱེས་ཐོབ་བཟང་པོ་ལྡན་པའི་མི་གསོང་པོ་ཁ་ཤས་ཁོ་ཚོའི་དད་མོས་ཀྱི་ཆེད་དུ་བློས་གཏོང་བར་མི་འཐད་ཚེ། མིའི་རིགས་ཀྱི་སྤྱི་ཚོགས་ཉིད་འཕེལ་མེད་རང་སོར་དུ་ལྷག་ཅིང་ཐ་ན་ཉམས་དམས་སུ་བརླག་མི་སྲིད་པའང་མེད་དོ། །

Although I am a convinced democrat I know well that the human community would stagnate and even degenerate without a minority of socially conscious and upright men and women wiling to make sacrifices for their convictions.

གལ་ཏེ་ཁོ་བོར་འདམ་ག་ཞིག་ཡོད་ན། ཁོ་བོ་ནི་སྲིད་དོན་རང་དབང་ཆེ་ལ་དཀྱེལ་ཡངས་པར་མ་ཟད། ཁྲིམས་ལུགས་ཀྱི་མདུན་དུ་སྐྱེ་བོ་ཀུན་འདྲ་མཉམ་ཡིན་པའི་རྒྱལ་ཁབ་གཅིག་པུར་སྡོད་ངེས་ཡིན།

As long as I have any choice, I will only stay in a country where political liberty, tolerance, and equality of all citizens before the law prevail.

ཁོ་བོས་དཀོན་མཆོག་ཞུ་བ་ཞིག་དངོས་སུ་བཞུགས་པར་གཏན་ནས་ཡིད་ཆེས་མི་བྱེད་དེ། ཁོ་བོས་གནད་འདི་ཐོག་མ་ཉིད་ནས་ཁས་མི་ལེན་པར་མ་ཟད་གསལ་པོར་མཚོན་མྱོང་། གལ་ཏེ། ཁོ་བོའི་སེམས་ནང་ལ་ཆོས་ལུགས་ཀྱི་གཞི་གྲུབ་ཏུ་སྨྲ་ཆོག་པ་ཞིག་མཆིས་ན་ནི། མིག་སྔར་ཚན་རིག་གིས་འཇིག་རྟེན་གྱི་ཆགས་ཚུལ་ཐེར་འདོན་བྱེད་ནུས་པ་ལ་དགའ་མགུ་ཡི་རང་ཚད་མེད་བགྱིས་པ་དེ་ཡིན་འོས།

I do not believe in a personal God I have never denied this but have expressed it clearly. If something is in me which can be called religious then it is the unbounded admiration for the structure of the so far as our science can reveal it.

ཁོ་བོའི་ཆོས་ལུགས་ཐད་ཀྱི་དད་མོས་ནི། འཇིག་རྟེན་འདིའི་སྒྲིག་སྲོལ་རྗེས་དཔག་ཡིན་ལ་གོ་བའང་ལོན་ཐུབ་པ་དེ་ཡིན། ཁོ་བོས་ངེས་དོན་གྱི་ཚན་རིག་པ་ཀུན་ལ་འདི་ལྟ་བུའི་སྲ་བརྟན་འགྱུར་མེད་ཀྱི་དད་སེམས་ཤིག་ལྡན་པར་ཡིད་ཆེས་བྱེད།

To the sphere fo religion belongs the faith than the regulations valid for the world of existence are rational, that it is comprehensible to reason. I cannot conceive of a genuine scientist without that profound faith.

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།