རྩོམ་པ་པོ།གན་ངྷིས།
མོ་ཧན་དཱ་སུའུ་•ཁཱ་ལ་མོའོ་ཁྲང་ཏེའུ•གན་དྷི(༡༨༦༩ལོའི་ཟླ་བ༢པའི་ཚེས་༢—༡༩༤༨ལོའི་ཟླ་༡པའི་ཚེས་༣༠)"མ་ཧྭ་ཧན་དྷི"ཞེས་མཚན་སྙན་བཏགས།(Mahatma Gandhi),རྒྱ་གར་མི་དམངས་བཅངས་གྲོལ་ལས་འགུལ་གྱི་དབུ་ཁྲིད་པ་དང་རྒྱ་གར་རྒྱལ་ཁབ་ཚོགས་ཆེན་གྱི་ཏང་སྣེ་ཁྲིད་པ་ཡིན།
གན་དྷི་ནི་རྒྱ་གར་གྱི་རྒྱལ་ཡབ་ཡིན་ལ་དྲག་མིན་འགོག་རྒོལ་དར་སྤེལ་གཏོང་བ་སྟེ་དེང་རབས་ཆབ་སྲིད་གཞུང་ལུགས་—གན་ངྷི་རིང་ལུགས་གྱི་བསར་གཏོད་པ་རེད།ཁོའི་བསམ་བློའི་དགོངས་པ་དེས་རྒྱལ་ཁབ་སྣེ་ཁྲིད་བྱེད་དེ་རང་དབང་གི་ཕྱོགས་སུ་བསྐྱོད་དེ་དབྱིན་ཇུའི་མི་སེར་སྤེལ་མའི་དབང་སྒྱུར་དང་ཁ་བྲལ་བྱས་པ་རེད།ཁོའི"དྲག་མིན་སྟོབས་ཤུགས"ཀྱི་མཚན་ཉིད་རིག་པའི་བསམ་བློས་འཛམ་གླིང་ཡོངས་ཀྱི་མི་རིགས་རིང་ལུགས་པ་དང་ཞི་བདེ་ངང་གསར་བརྗེ་བྱེད་པ་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་སྤྱིའི་ལས་འགུལ་ཞིག་ཏུ་གྱུར།
༡༩༤༨ལོའི་ཟླ་༡པའི་ཚེས་༣༠་ཉིན་གྱི་ཕྱི་དྲོ་དུས་ཚོད་ལྔ་དང་ཕྱེད་ལ་ངོ་རྒོལ་བས་ལྐོག་གསོད་བགྱིས་པ་རེད།
རྒྱ་ནག་མིང་། 莫罕达斯·卡拉姆昌德·甘地
• ཕྱི་རྒྱལ་ཡི་གེ་རུ་མིང་། Mohandas Karamchand Gandhi
• མིང་གཞན། དམ་པ་གམ་དྷི(Mahatma Gandhi)、རྒྱ་གར་རྒྱལ་ཡབ།
• རྒྱལ་ཁུངས། རྒྱ་གར།
• མི་རིགས། རྒྱ་གར་སི་དན་རིགས།
• སྐྱེས་ཡུལ།པོར་པེན་དེར།
• སློབ་མཐར་ཕྱིན་པའི་སློབ་གླིང་། ལེན་ཏེན་སློབ་ཆེན།
• དད་པ། ཧུན་དྷིའི་ཆོས་ལུགས།
• འཐུས་ཚབ་བརྩམས་ཆོས། <<རྒྱ་གར་རང་སྐྱོང་>><<གན་དྷིའི་རང་རྣམ>>
• གྲོགསས་མཆོག• ཐེ་ཀོར།
རྐུ་རྒྱག་པ་དང་འགྱོད་བཤགས་བྱས་པ།
འདི་ནས་དམར་ཟས་ལ་རོལ་བའི་སྔ་གཞིག་གམ་ཡང་ན་གཉེན་བསྒྲིག་བྱས་པའི་སྔ་གཞིག་གི་ནོར་འཁྲུལ་དག་བཤད་པར་བྱ།
སྐབས་དེར་ང་དང་ངའི་གཉེན་ཉེ་ཞིག་ཐ་མག་འཐེན་རྒྱུར་དགའ་སོང་།དེ་ནི་ཐ་མག་འཐེན་པའི་བཟང་ཕྱོགས་དང་ཡང་ན་དེའི་བྲོ་བ་ལ་ཞེན་སོང་བས་མིན་པར་ཐ་མག་འཐེན་སྐབས་འབྱིན་རྔུབ་བྱེད་པའི་དུ་བ་དེའི་ཚོར་བར་དགའ་བ་ཙམ་ཡིན།ངའི་ཨ་ཁུ་ལ་ཐ་མག་འཐེན་པའི་གོམས་སྲོལ་ཡོད་པས་ང་ནམ་རྒྱུན་ཁོས་ཐ་མག་འཐེན་པར་ལྟ་བ་ཡིན། དེ་བས་ངས་རང་དབང་མེད་པར་ཁོའི་ལད་མོ་བྱེད་པ་རེད།ཡིན་ཡང་ང་ཚོ་ལ་ཐ་མག་ཉོ་བའི་སྒོར་ཞིག་གང་ན་ཡོད། དེའི་ཕྱིར་ཨ་ཁུའི་རྗེས་འབྲངས་ནས་ཁོས་གཏོར་བའི་དུད་མགོ་དག་བརྒུམ་ནས་དུད་སྲེད་ཚུམས་པར་བྱེད།
དུད་འགོ་ཡང་རྒྱུན་དུ་རྙེད་པ་ཞིག་ཡེ་ནས་མིན།དུད་འགོ་ནས་དུ་བ་ཞིག་འབྱིན་རྒྱུ་ནི་དེ་བས་ཀྱང་ག་ལ་ཡོད།དེ་བས་ང་ཚོས་ཁྱིམ་གཡོག་གི་ཁུག་མའི་ནང་གི་སིལ་སྒོར་བརྐུས་ནས་རྒྱ་གར་རང་ས་ནས་ཐོན་སྐྱེད་བྱེད་པའི་ཐ་མག་ཉོས་ནས་འཐེན་ཀྱང་།རྒན་རབས་པ་དག་གི་སྔུན་ནས་མངོན་ལྐོག་མེད་པར་འཐེན་རྒྱུ་མེད་པས་སྦ་སྐོང་བྱེད་ས་མི་རྙེད་པའི་དཀའ་ལས་ཤིག་ལའམ་འཕྲད།དེ་ལྟར་སིལ་སྒོར་བརྐུས་ནས་ཐ་མག་འཐེན་པའི་བྱ་ཐབས་ཡུན་ཙམ་ལ་བསྒྲུབ་རྗེས། རྩི་ཤིང་གང་༼梗༽ཟེར་བ་ཞིག་སྟེ།འབུག་ཁུངས་མང་པོ་ཡོད་པས་དེ་ཐ་མག་གི་ཚབ་ཏུ་འཐེན་ཆོག་པ་ཞིག་གོ་ནས་ཐབས་འཐེན་དེ་ཐ་མག་དེ་བཙལ་དེ་འཐེན་པར་བྱས་སོ།།
དེ་ལྟར་ལྐོག་ལྐོག་སུད་སུད་དུ་ཐ་མག་འཐེན་དགོས་པ་ནི་ང་ཚོར་མཚོན་ན་སེམས་ཁ་ཡེ་ནས་སྐྱིད་ཐབས་བྲལ།བྱ་བ་གང་ཡིན་ཡང་ནམ་ཡང་ཚད་བཀག་ཡོད་པ་དེ་སེམས་གྱི་དཀའ་བསྔལ་ཞིག་རེད།ཐ་ན་བྱ་བ་གང་བསྒྲུབ་ཀྱང་ཕ་མའི་དགོངས་འཆར་དགོས་པ་དེ་བཟོད་ཐབས་རྩ་བ་ནས་བྲལ།མཐར་དེ་འདྲའི་སུན་སྣང་གི་སེམས་ཚོར་ལས་ང་ཚོས་རང་སྲོག་གཅོད་འཆར་བྱས།
འོན་ཀྱང་།རང་ལྕེབ་ཅི་ལྟར་བྱེད་དང་།དུག་སྨན་གང་དུ་སོང་ནས་བཙལ་དགོས་སོགས་ནི་གནད་དོན་དུ་གྱུར།སྐབས་དེར།ན་ཡང་མེ་ཏོག་༼闹阳花༽གི་ས་བོན་གྱི་དུག་ཚད་ཧ་ཅང་མཐོ་བར་གོ་བས་ང་ཚོས་ནགས་ཚུལ་དུ་འཚོལ་དུ་སོང་བས་རྙེད་ཀྱང་བྱུང་།
བསམ་གཞིག་བྱས་བྱས་མཐར།མཚན་གོང་སྟབས་བདེ་བར་བསམ་ནས་ང་ཚོ་མཚན་གོང་ཁུ་ད་ཆེས་དགོན་༼克达济神庙༽ནང་སོང་ནས་མཆོད་ཀོང་དུ་སྐོང་མར་བླུག་ཏེ་ལྷ་ལ་ཕྱག་མཚལ་རྗེས་འགོར་ཡུལ་ཞིག་ཏུ་སོང་ནས་རང་ལྕེབ་བྱས་རྩིས་བྱས། རེད་དེ་ང་ཚོ་ལ་རང་ལྕེབ་བྱེད་པའི་སྤོབས་པ་མེད་པར་གྱུར་ནས་"གལ་ཏེ་དེ་མ་ཐག་ཏུ་ཤི་མ་ཐུབ་ན་ཅི་ལྟར་བྱེད།རང་ལྕེབ་བྱེད་པ་དོན་དམ་དུ་ང་ཚོ་ལ་དོན་སྙིང་ག་རེ་ཡོད།རང་དབང་ཨེན་ཙམ་མེད་པ་དེ་ངོ་མས་དེ་ལྟར་བཟོད་དུ་བྲལ་བ་ཞིག་ཡིན་ནམ།"དེ་དག་ཡང་ཡང་དྲན།གང་ལྟར་སྐབས་དེར་ང་ཚོས་ན་ཡང་མེ་ཏོག་གི་ས་བོན་རིལ་བུ་༢་ནས་༣་བར་མིད་པར་བྱས།
མང་ཙམ་ཟ་མ་སྤོབས།ངེད་གཉིས་ཤི་བར་སྐྲག་པས་མཐར་ལོ་མོ་ཅེས་དགོན༼罗摩吉神庙༽་དུ་སོང་ནས་རྣལ་དུ་བབས་བཅུག་དེ་རང་ལྕེབ་གྱི་བསམ་པ་དོར་བར་བྱས།
རང་ལྕེབ་ནི་དོན་དམ་དུ་དང་ཐོག་བསམ་པ་ལྟར་དོན་སླ་མོ་ཞིག་ཡེ་ནས་མིན་པ་ཤེས་བས་ཕྱིས་སུ་མི་འགའ་རེས་རང་ལྕེབ་བྱེད་རྒྱུ་ཟེར་ནས་འཇིགས་སྐུལ་བྱེད་ཚེ་ངས་ནམ་ཡང་ཉམས་འཇོག་བྱེད་ཀི་མིན།
རང་ལྕེབ་བྱེད་བསམ་པའི་འཆར་སྒོ་དེས་མཐར་ངེད་གཉིས་ཀྱིས་ཐ་མག་འཐེན་པ་དང་གཡོན་པོའི་སིལ་སྒོར་རྐུ་བའི་གཤིས་ངན་དེ་བཅད་པར་བྱས།
ནར་སོན་རྗེས།ང་ལ་ཐ་མག་འཐེན་བསམ་པའི་ཧམ་སེམས་དེ་་དེ་ལས་མ་སྐྱེས། མ་ཚད་ཐ་མག་འཐེན་པ་ནི་ཅི་འདྲའི་དམུ་རྒོད་ཞིག་དང་ངམས་གཙོག་ཞིག བདེ་འཇགས་མེད་པ་ཞིག་རེད་བསམ་མྱོང་། མི་མང་འདུས་ཡུལ་མེ་འཁོར་གྱི་ནང་དུ་ཐ་མག་འཐེན་པ་ནི་ཅི་འདྲའི་བཟོད་དཀའ་བ་ཞིག་དང་དེ་ལས་མཁའ་དབུགས་འབྱིན་རྔུབ་དཀའ་བ་ལྟ་བུའི་སྣང་བ་ཞིག་ཀྱང་སྐྱེས་བྱུང་།
མི་འགྱངས་བའི་རྗེས་སུ།ངས་ཡང་རྐུ་བྱེད་པའི་ནོར་འཁྲུལ་ཚབས་ཆེན་ཞིག་བྱེད་མྱོང་། ཐ་མག་ཉོ་ཆེད་སིལ་སྒོར་རྐུ་སྐབས་ང་ཕལ་ཆེར་ང་ལོ་བཅུ་གསུམ་ཡས་མས་ཡིན་བསམ་ལ་དེ་བས་ཆུང་ཡང་སྲིད།འོན་ཀྱང་རྐུ་རྒྱག་པའི་ནོར་འཁྲུལ་ཧ་ཅང་ཚབས་ཆེན་དེ་བྱེད་སྐབས་ང་ལོ་བཅོ་ལྔ་ལ་སོན་ཡོད། ཐེངས་དེར།ངས་ང་དང་མཉམ་དུ་དམར་ཟས་ལ་རོལ་བའི་ཕུ་བོའི་ལག་གདུབ་ལས་གསེར་ཉུང་ཉུང་ཞིག་ལྐོག་ཏུ་བཀོག་པ་ཡིན།
སྐབས་དེར། ངའི་ཕུ་བོ་དེས་ཏག་ཏག་ལོས་པེས་༼卢比༽༢༥་བུ་ལོན་དུ་དགོས་པ་ལ་ཁོས་གསེར་དག་མའི་ལག་གདུབ་ཞིག་གོན་ཡོད་པས་གསེར་ཨེན་ཙམ་རྙེད་རྒྱུ་དཀའ་མོ་ཞིག་ཡེ་ནས་མིན།
རྗེས་སུ།དངུལ་ལག་ཏུ་འབྱོར་ལ་བུ་ལོན་ཀྱང་སོད་སོང་།ཡིན་ཡང་ངའི་སེམས་པ་བདེ་ཐབས་ཡེ་ནས་བྲལ་བས་ཕྱིས་སུ་རྐུ་མི་བྱེད་པའི་སེམས་ཐག་བཅད། སེམས་པ་སྐྱོ་བས་མནར་བས་ཨ་ཕ་ལགས་ལ་ཡོད་ཚད་ངོས་ལེན་ཞུས་ཏེ་ནོར་འཁྲུལ་ཁས་ལེན་ཅིང་ཆད་པ་འཁེལ་རྒྱུའི་ཆོད་སེམས་བཅངས་ཏེ་ངའི་ནོར་འཁྲུལ་འཁུར་བའི་རྒྱུ་མཚན་གྱིས་ཨ་ཕས་རང་ལ་ཁག་འགེལ་མི་བྱེད་པར་ནན་ཞུ་བྱེད་པ་དང་ཆབས་ཅིག་ཏུ་ཕྱིས་སུ་ནོར་འཁྲུལ་མི་ཁུལ་བར་ཁག་ཐེག་བྱས།
ངས་སྐྲག་འདར་སིག་སིག་ངང་ངོས་ལེན་ཞུ་ཡིག་ཨ་ཕ་ལགས་ལ་སྤྲད།སྐབས་དེར།ཁོ་ལ་རྣག་ནད་ཕོག་ཡོད་པས་མལ་སར་ལོག་ཏེ་ཡོད།ཁོའི་ཉལ་ཁྲི་ནི་ཤིང་ལེབ་ཞིག་ཡིན།ང་ཁོའི་ཁ་གཏད་དུ་བསྡད་པ་ཡིན།
ཁོས་ངོས་ལེན་ཞུ་ཡིག་ལ་བལྟས་རྗེས།མིག་ཆུ་རྒྱུས་ཐག་ཆད་པའི་མུ་ཏིག་བཞིན་དབང་མེད་བཞུར་ཏེ་ངོས་ལེན་ཞུ་ཡིག་བརླན་པར་བྱས།དེ་འཕྲོར།ཁོས་མིག་བཙུམ་ནས་འདང་ཅུང་ཙམ་བརྒྱབ་རྗེས་ཤོག་བུ་དེ་སིལ་བུར་གཏེད།དང་ཐོག་ངོས་ལེན་ཞུ་ཡིག་ལ་ལྟ་དུས་བསྡད་དེ་ཡོད་ཀྱང་དེའི་འཕྲོར་མལ་སར་ཁེན་ནས་བསྡད།ང་ནི་འཁྲིས་སུ་ངུས་ནས་བསྡད།མ་གཞི་ངས་ཨ་ཕས་བཀའ་བཀྱོན་ཞེ་དྲག་གནང་རྒྱུ་རེད་བསམ་མོད།ལྡོག་ཏེ་ཁོས་དེ་ལྟར་ཡེ་ནས་མ་བྱེད།གལ་ཏེ་ཆོག་ན།ངས་སྐབས་དེའི་རྣམ་པ་རི་མོར་ཕབ་པར་་འདོད།རྒྱུ་མཚན་ད་ལྟ་ད་དུང་ངའི་སེམས་སུ་དྭངས་སེང་ངེར་འཆར་བས་ཡིན།
ཉིན་དེའི་ཨ་ཕའི་བརྩེ་བས་ཁེངས་བའི་མིག་ཆུ་དེས་ངའི་ཡིད་སེམས་དག་པར་བཀྲུས་ལ་ཉེས་པ་ཐམས་ཅད་བསལ་བར་བྱས།ཨ་ཕའི་བརྩེ་བ་དེས་ངས་བརྩེ་བ་ཡང་དག་དེ་ཅི་ཡིན་པར་རྟོགས་སོང་།དེ་ནི་ལྷ་བསྟོད་དུ་ལེན་པའི་"བརྩེ་བས་རྨ་ཁ་བཟོས་པས།།བརྩེ་བའི་སྟོབས་ཤུགས་ཤེས་སོང་།།"ཞེས་པ་དང་ཅི་འདྲའི་མཚུངས།།
བརྒྱུད་རིམ་དེ་ངའི་ངོས་ནས་བཤད་ན་"དྲག་མིན་སྟོབས་ཤུགས་"ཀྱི་ཡང་སྙིང་དངོས་ཀྱི་སྦྱོང་བརྡར་ཐེངས་གཅིག་ཡིན།
དང་ཐོག་ངས་དེ་ནི་ཨ་ཕའི་བུ་འདང་ཙམ་ཡིན་པར་བསམ་ཀྱང་། ཕྱིས་སུ་དེ་ནི་བཅོས་མིན་གྱི་"དྲག་མིན་སྟོབས་ཤུགས་"ཡིན་འདུག དེ་ལྟར་"དྲག་མིན་སྟོབས་ཤུགས་"ངང་ཡོད་ཚད་བཟོད་སྒོམ་བྱེད་ཚེ་དོན་དག་ཅི་ཞིག་ཡིན་རུང་འགྱུར་བ་འབྱུང་ངེས།"དྲག་མིན་སྟོབས་ཤུགས་"ཀྱི་ནུས་པ་བསམ་གྱིས་མི་ཁྱབ་བོ།།
འདི་ལྟར་བཤད་ཆོག་ཏེ།འདི་འདྲའི་གུ་ཡངས་རྒྱ་ཆེན་པོ་བྱེད་པ་ནི་ཨ་ཕའི་རང་གཤིས་སུ་གྲུབ་པ་ཞིག་ཅི་ལ་ཡིན།དྲང་མོར་བཤད་ན།ངས་ཨ་ཕ་ཐུགས་ཁྲོ་ངར་བ་ལངས་ཏེ་བཀའ་བཀྱོམ་བྱེད་རྒྱུ་རེད་བསམ་ཀྱང་།ཉིན་དེར་ཁོ་ལྷོད་འཇགས་སུ་བབས་འདུག
དེ་ནི་རང་གི་བསམ་པ་རྣམ་དག་ངང་འགྱོད་བཤགས་བྱེད་པས་ཡིན་པ་རང་ལ་ཡིད་ཆེས་བརྟན་པོ་ཆགས བསམ་པ་རྣམ་དག་ངང་འགྱོད་བཤེགས་བྱེད་ཅིང་ཕྱིས་སུ་མི་འཆུག་པའི་ཁག་ཐག་བྱེད་པ་དེས་སེམས་ཁུངས་རུས་པའི་གཏིང་གི་འགྱོད་སེམས་མཚོན་ཡོད་པས།ངས་བསམ་ན་ཏག་ཏག་ངའི་འགྱོད་སེམས་དེས་ཨ་ཕའི་སེམས་བདེ་ལ་བབས་པ་ཡིན་རྒྱུ་རེད་ལ་དེའི་མ་ཚད་ང་ལ་བརྩེ་བ་ལྷག་ཏུ་འཕེལ་སོང་། །
*<<གན་ངྷིའི་རང་རྣམ>>རྒྱ་ནག་ཡིག་ཅན་ལས་ཁོལ་དུ་ཕྱུང་ནས་བསྒྱུར།
༼གསལ་བཤད༽ ༡གོང་གི་དགོན་མིང་དག་རྒྱ་གར་གྱི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་ལ་ཆ་ཅུང་ཙམ་ཡོང་པ་ཁ་ཤས་ལ་དྲིས་ཀྱང་མ་ཤེས་པས་སྒྲ་སྒྱུར་བྱེད་པ་ཡིན།
༢དྲག་མིན་སྟོབས་ཤུགས་སྔོན་གྱི་ཡིག་ཆ་དག་ན་ཞི་བའི་སྙིང་སྟོབས་ཞེས་བསྒྱུར་ཡོད་ཀྱང་དྲག་མིན་སྟོབས་ཤུགས་ཅུང་འཚམ་པར་བསམ་ནས་དེ་ལྟར་བསྒྱུར་ཡོད།
༢༠༡༧-༠༧-༡༣ཉིན་སྒྱུར་གྲུབ།