བྱ་ནམ་མཁའ་དང་གྲིབ་མ་ས་གཞི།

མཛེས་སེ། 

ལ་ལུང་མང་པོ་བརྒྱུད་ནས།

ཚིགས་མལ་ཡང་ཅིག་བརྒལ་དུས།

འདས་དོན་སྒྱུ་མའི་རྨི་ལམ།

མིག་ལ་བསྐྱར་དུ་ཤར་ཡོང་།


བརྩེ་དུངས་ཟས་ཀྱི་ཕུད་བཟང་།

ཕངས་མེད་སྦྱིན་མཁན་ཆུང་འདྲིས།

དལ་འབྱོར་ལུས་རྟེན་འདི་ཉིད།

གནས་སྐབས་ཁྱོད་ལ་མ་དབང་།

སེམས་ཀྱི་དར་དཀར་རིང་མོ།

སྒེག་མོའི་ཕྱོགས་སུ་བརྐྱངས་ཡོད།

༢༠༠༤ལོའི་ཟླ༡༠པའི་ཚེས༥ཉིན་ཆབ་ཆ་རུ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།