བདུད་བྷེ་ལགས་ལ་མྱ་ངན་དུ་ཕུལ།

ཟི་ལིང་། མཛེས་སེ།

res01_attpic_brief (1).jpg

ཞབས་རྗེས་གངས་ལ་བཞག་པ།།

དཔྱིད་ཀྱི་ཉི་མས་བཞུས་སོང་།།

གནམ་ལ་སྐས་རིང་བཙུགས་ཀྱང་།།

ད་ནི་གླུ་མཁན་མི་མཐོང་།།

ཤུལ་དུ་ལུས་པའི་སྒྲ་སྙན།།

རྒྱུད་སྐུད་གྲག་འགུལ་མེད་དེ།།

རྣ་བ་རུམ་དུ་བཅུག་པར།།

འགྱུར་ཁུགས་སེམས་སུ་འཁྱིལ་འདུག།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།