ཀྲུང་གོ་བོད་ཀྱི་དྲ་བ།

མཚན་མོའི་ཕྱི་རོལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། :   ( སི་ཁྲོན)དུར་མིག    སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚན་མོ་གླེང་ན་མིག་ཆུ་འདར།།

ཟླ་བ་དེ་ཡང་ཁེར་རྐྱང་གནས།།

རྫ་བུམ་ནང་ལ་མེ་ཏོག་སྐྱེས།།

ཁ་སང་ཉི་འོད་འཇམ་པོ་རེད།།

དབུས་ཀྱི་ལྷ་ཁང་ཡིད་ལ་དྲན།།

ལྷ་སའི་ཁྲོམ་ལ་ཁ་ཆད་བྱས།།

འུ་གཉིས་དེ་རུ་སྨོན་ལམ་ལུས།།

གཤོག་པ་ཡ་གཅིག་ཐང་ལ་བྲིས།།

ངས་ནི་མགྱོགས་པར་ཐུག་ན་བསམ།།

འགྲོ་ཞོར་འཕྲིན་པ་བྲིས་ནས་སོང་།།

ཁོམ་པ་ཡོད་དུས་ཡོང་ཆོག་བཤད།།

ཉི་ཤུའི་སྣང་བ་འཇའ་ཁྱིམ་ཡིན།།

ཐབ་ཁུང་ནང་ལ་བུད་ཤིང་བུས།།

ཁྱིམ་མཚེས་ཚང་ལ་ཕྲུག་གུ་བཙའ།།

མིག་གཡས་ནང་དུ་མཆི་མ་འགྲིལ།།

ཁ་ཚུབ་ནང་ལ་ཆར་ཐིགས་ལྷུང་།།

ཆུ་མགོ་གཙང་མ་བསམ་ནས་ཡོང་།།

སྐྱོ་རོགས་མིག་མཐའ་ཆུ་མིག་ཡིན།།

དགུན་གསུམ་གྲང་ངར་ཁེན་ས་ཁྱོད།།

བདག་སེམས་ལྷག་མ་དེ་རུ་འཁྲེང་།།

   2017.6.1 མཚན་མོར་བྲིས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།