ཀྲུང་གོ་བོད་ཀྱི་དྲ་བ།

​སྲོད་དུས་ཀྱི་ཉི་འོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ཚེ་རིང་།


ཉིན་གཅིག་གི་ངལ་བ་ཡོད་ཚད

ཤར་རིའི་རྩེ་མོར་བཞག་ཅིང

བསམ་གཞིག་ཅིའང་མེད་པར་ནུབ་རིར་ཆས་དུས

དེ་རིང་གི་སུན་སྣང་དང་ངལ་བ་ཅི་རིགས་ཀྱང

སྣང་སྟོང་གི་རྨི་ལམ་ཙམ་སྟེ    ཟིན་པ་ཅི་ཡང་མེད་པར

ཉི་ཟེར་དང་ཐལ་རྡུལ་དུ་འདྲེས།


སྐབས་དེར་ཉི་འོད་ཀྱི་ཚ་དྲོད་ཡལ་ཞིང

མུན་ནག་གིས་ལག་སྙོམས་བྱེད་བཞིན་ཚུར་ལ་འོང

ལྷས་མཐའ་ན་ལུག་ཁྱུའི་འབའ་སྐད་མོད

ཕ་ཀིའི་རི་ཤོད་ནས་ལུ་གུ་ཞིག་ཀྱང་སྤྱང་ཀིས་ཁྱེར་སོང

ཨ་ཧ་བོ   ད་ཅི་བྱ   མེ་མདའ་དེའང་སྔ་མོ་ནས་བོར་ཟིན།


འཁྲུལ་བཞེངས་ཀྱི་ཡུལ་གྲུ་འདིའང་རྔམ་ཇེ་ནག་ཏུ་གྱུར

གློ་བུར་གློ་བུར་དུ་ཉི་མའང་ནུབ་པར་གྱུར

དགོང་ཁའི་མཚམས་སྤྲིན་གྱིས་འོད་དམར་ནག་ཅིག་བསྡུས་ཏེ

འཇིག་རྟེན་འདིའང་གློ་མདངས་ཀྱིས་བཀླུབ་དེ་གོ་ལ་གཞན་ཞིག་ཏུ་བཟོས།


ངའི་སེམས་པ་གཟེར་ཀི    འཁྱགས་ཀི

ཆམ་ནད་ཅིག་ཀྱང་ཕོག་ཟིན

འོན་ཀྱང་སང་ཉིན་གྱི་ཆེད་དུ    ང་ངེས་པར་ནར་སོན་དགོས


ངས་ད་དུང་སང་ཉིན་གྱི་ཉི་འོད་ལ་སྒུག་དགོས

འཚོ་བ་རོལ་དགོས     ཆུང་མ་ལེན་དགོས

བདག་པོ་མི་འཛིན་པའི་སྒོ་ཁྱི་ཞིག་ཀྱང་གསོ་དགོས།


རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།