འཛམ་གླིང་དཔེ་ཀློག་ཉིན་མོ་ལ་ཕུལ་བའི་ལེགས་སྐྱེས། —《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་དང་པོ)པར་སྐྲུན་འགྲེམ་སྤེལ་བྱས།

藏文经典阅读系列丛书.jpg

4.23འཛམ་གླིང་དཔེ་ཀློག་ཉིན་མོ་འདི་ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཁུལ་དུ་ཕྱོགས་ཡོངས་ནས་དམངས་ཡོངས་དཔེ་ཀློག་ཁྱབ་གདལ་དུ་འགྲོ་བར་དམིགས་ཏེ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་དང་པོ)ཞེས་པའི་དེབ་བཅུའི་བདག་ཉིད་ཅན་ཞིག་པར་སྐྲུན་འགྲེམ་སྤེལ་གནང་ཡོད།

དཔེ་ཚོགས་འདིའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དེ་བསྟན་བཅོས་གྲགས་ཅན་སྐོར་ཞིག་བདམས་ཡོད་དེ། དེབ་གཟུགས་ཆུང་ཞིང་ཀློག་བདེ་བ། སྤྱོད་སྒོ་ཡངས་པའི་ཁྱད་ཆོས་འབུར་དུ་ཐོན་འདུག ཐེངས་འདིའི《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་དང་པོ)ནང་དུ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་འཇུག་པའི་སྒོ》དང་། འཇུ་བ་སྟོན་པ་ཆོས་དཔལ་དར་བྱང་གི《ཆག་ལོ་ཙཱ་བའི་རྣམ་ཐར》 དབལ་མང་དཀོན་མཆོག་རྒྱལ་མཚན་གྱི《བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ》 ཀུན་མཁྱེན་འཇིགས་མེད་དབང་པོའི《གྲུབ་མཐའ་རིན་ཆེན་ཕྲེང་བ་དང་ས་ལམ་རྣམ་གཞག》 ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོའི《རྒྱལ་པོ་ར་མ་ཎིའི་གཏམ་རྒྱུད་ཀྱི་འགྲེལ་པ》 ཀློང་རྡོལ་ངག་དབང་བློ་བཟང་གི《མིང་གི་རྣམ་གྲངས》 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི《ཀོང་སྤྲུལ་ཟིན་ཏིག》 རྗེ་ཙོང་ཁ་པ་དང་ལྕང་སྐྱ་རོལ་བའི་རྡོ་རྗེའི《རྟེན་འབྲེལ་བསྟོད་པའི་རྩ་འགྲེལ》 རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི《ལམ་རིམ་ཚིགས་བཅད་མ》 དགེ་འདུན་ཆོས་འཕེལ་གྱི《ཀླུ་སྒྲུབ་དགོངས་རྒྱན》བཅས་ཡོད་དོ། །

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།